འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡས་ཀྲུང་གོ་དང་ལག་གདང་སྦྲེལ་ནས་དཔལ་འབྱོར་དམིགས་བསལ་ཁུལ་མཉམ་སྐྲུན་
    བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “དུས་དེ་ནས་བཟུང་ས་ཆ་དེ་མི་འདྲ་བར་འགྱུར་སྲིད”ཅེས་ཁེན་ནི་ཡ་བ་ཤིར་ཝེ་སི་ཐེ·མའེ་ཐུའོ་ཡིས་ཨེར་ཏུའོ་ལེ་ཐེའི་ཁོད་སྙོམས་ཟིན་མ་ཐག་པའི་ས་ཆའི་སྟེང་ལངས་ནས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
            ཨེར་ཏུའོ་ལེ་ཐི་ནི་ཁེན་ནི་ཡའི་ནུབ་རྒྱུད་ཀྱི་ས་མཐོའི་གྲོང་ཁྱེར་ཞིག་ཡིན་པ་དང་མའི་ཐུའོ་ལངས་སའི་ས་ཆ་དེ་ཁེན་ནི་ཡའི་དཔལ་འབྱོར་དམིགས་བསལ་ཁུལ་དང་པོ—ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་དུ་སྐྲུན་གྲབས་ཡོད་པ་དེར“ཀྲུང་གོའི་ཉམས་འགྱུར་ལྡན་པའི”མིང་ཞིག་བཏགས་ཡོད།
            ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་དེ་ནི་ཀྲུང་གོའི་ཀོང་ཏུང་གི་ལྷོ་ཕྱོགས་ཚོགས་པ་གསར་པ་དང་ཁེན་ནི་ཡའི་DLཚོགས་པའི་མངའ་ཁོངས་ཀྱི་ཨ་ཧྥེ་རི་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་ཚད་ཡོད་ཀུང་སིས་མཉམ་ལས་བྱས་ཏེ་བསྐྲུན་པ་ཞིག་རེད། “ངེད་ཚོ་ཀོང་ཏུང་ཞིང་ཆེན་ནས་ཡིན་སྟབས་ཀོང་ཏུང་གི་མཚོན་རྟགས་རང་བཞིན་ལྡན་པའི‘ཀྲུའུ་ཅང’ཞེས་པའི་མིང་བཏགས་པ་དེ་ལས་ཀྲུང་ཁེན་མཉམ་ལས་བྱེད་པ་མཚོན་ཡོད”ཅེས་ཀོང་ཏུང་གི་ལྷོ་ཕྱོགས་ཚོགས་པ་གསར་པའི་ཙུང་ཚའེ་ཀྲུའུ་ལ་དབྱིན་གྱིས་བཤད། ཟླ་7ཚེས་7ཉིན་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་དངོས་སུ་རྩིག་རྨང་བཏིང་བ་དང་ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐུའོ་ཡིས་མཛད་སྒོ་དེ་བདེན་དཔང་བྱས་པ་རེད།
          འཆར་འགོད་གཞིར་བཟུང་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཞིང་ལས་ཐོན་ཟོག་ལས་སྣོན་དང་། མཐོ་གསར་ལག་རྩལ། ཁྱིམ་ཆས། འཁེལ་འཐག འཕྲུལ་ཆས། འཛུགས་སྐྲུན་སོགས་ཐོན་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་ནས་ཀྲུང་གོའི་ཁེ་ལས་ལ་ཁེན་ནི་ཡར་མ་འཇོག་དང་བཟོ་གྲྭ་སྐྲུན་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
           “ཁེན་ནི་ཡར་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་ཡོད་པ་དེ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད། དེས་ཨེར་ཏུའོ་ལེ་ཐེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཡོང་རྒྱུ་མ་ཟད། ཐ་ན་ཁེན་ནི་ཡ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ཡང་སྐུལ་ཁྲིད་བྱ་རྒྱུ་རེད”ཅེས་ལུའུ་ཐུའོ་ཡིས་རྩིག་རྨང་འདིང་བའི་མཛད་སྒོའི་ཐོག་བཤད་པ་དང་དེ་གར་ཡོད་པའི་ཁེན་ནི་ཡ་བ་སྟོང་ཕྲག་ཁ་ཤས་ཀྱི་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྟར་བསྒྲགས་ཡོད།
           ཁེན་ནི་ཡར་བཅའ་སྡོད་ཀོང་ཏུང་ཞིང་ཆེན་དཔལ་འབྱོར་ཚོང་དོན་འཐུས་མི་ཁྲུའི་དབུ་བཞུགས་འཐུས་མི་ལིའུ་ཡན་མེས་ཁེན་ནི་ཡའི་དཔལ་འབྱོར་དམིགས་བསལ་ཁུལ་དང་པོ་དེ་དང་ཀྲུང་གོའི་དབར་ལས་དབང་གཅིག་ཏུ་སྦྲེལ་བར་སྟེས་དབང་གི་རྒྱུ་རྐྱེན་ཡོད་མོད། ལྡོག་མེད་ཀྱི་རྒྱུ་རྐྱེན་དེ་བས་མང་བ་ཡོད། “ཁེན་ནི་ཡར་བཟོ་ལས་འཕེལ་རྒྱས་གཏོང་དགོས་པ་དང་ཀྲུང་གོར་ཁེ་ལས་མང་པོ་ཞིག་ལ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་པའི་དགོས་མཁོ་ཆེན་པོ་ཡོད་སྟབས་དེ་ནི་ཕྱོགས་གཉིས་པོའི་དགོས་མཁོ་དང་འཚམ་ལ་མཉམ་ལས་གཉིས་ཁེ་ཡོང་བའི་བྱེད་ཐབས་ཤིག་རེད”ཅེས་ངོས་འཛིན་བྱས་པ་རེད།
          ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐས་ཟླ་5པར་དབྱིན་ཇིའི་《དངུལ་རྩའི་སྐབས་དོན་ཚགས་པར་》གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེན་ནི་ཡར་གདན་དྲངས་ཏེ་ས་ཆ་དེ་གར་ལས་ཞུགས་ལས་གནས་དེ་བས་མང་བ་སྐྲུན་རྩིས་ཡོད་ཅེས་བརྗོད་མྱོང་ཡོད།
          ལུའུ་ཐུའོ་ཡིས་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་རྩིག་རྨང་འདིང་བའི་མཛད་སྒོའི་ཐོག་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱིས་བཟོ་ལས་ཅན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་མཉམ་སྐྲུན་བྱ་རྒྱུ་དེས་ཁེན་ནི་ཡས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཕན་ཐོགས་ཡོད་པ་དང་། ཁེན་ནི་ཡའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་ཐོན་ཐུབ་ཅེས་གསུངས་པ་རེད།
           ཀྲུའུ་ལ་དབྱིས་ཁེན་ནི་ཡའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་དེ་བཞིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་གཞུང་གི་ཆོད་སེམས་དེ་བློ་ལ་བབ་པོ་བྱུང་ནས་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་སྐྲུན་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུའུ་ལ་དབྱིས་ཁོར་ཡུག་སྲུང་སྐྱོང་གནད་དོན་ཐད་ལའང་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། ཁོང་གིས་ཁེན་ནི་ཡའི་ཕུལ་བྱུང་གི་རང་བྱུང་ཁོར་ཡུག་དེ་ལྟ་བུ་ཐོབ་དཀའ་བ་ཞིག་ཡིན་པ་དང་བཟོ་ལས་ཅན་དེ་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་འོག་འཛུགས་སྐྲུན་བྱེད་པ་ལས་ཁོར་ཡུག་གཏོར་སྐྱོན་གཏན་ནས་གཏོང་མི་རུང་། “ངའི་རེ་བར་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་འོག་ཁེན་ནི་ཡ་དང་མཉམ་སྐྲུན་མཉམ་སྤྱོད་བྱས་ཏེ་ཁེན་ནི་ཡའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས”བཤད་པ་རེད།
           DLཚོགས་པའི་འགན་ཁུར་བ་ཏའེ་ཝེ·ལ་ཅ་ཐེས་ཀྱང་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་དང“ངས་གྲོགས་པོ་ཀྲུང་གོ་བ་དང་མཉམ་དུ་ཨེར་ཏུའོ་ལེ་ཐེར་ཁེན་ནེ་ཡའི་དཔལ་འབྱོར་དམིགས་བསལ་ཁུལ་དང་པོ་དེ་བསྐྲུན་ནས་དེ་གའི་མི་ཚོར་ལས་གནས་ཁྲི་4གཏོད་རྒྱུ་ཡིན། དེས་ཨེར་ཏུའོ་ལེ་ཐེར་འགྱུར་ལྡོག་འགྲོ་རྒྱུ་མ་ཟད་ཁེན་ནི་ཡ་ཡོངས་ལའང་འགྱུར་ལྡོག་འགྲོ་སྲིད”ཅེས་བཤད།
           མའེ་ཐུའོ་ཡིས་ཀྱང་ཀྲུའུ་ཅང་དཔལ་འབྱོར་དམིགས་བསལ་ཁུལ་ལ་རེ་སྒུག་ཆེན་པོ་བྱེད་ཅིང་། ཁོང་གིས་གསར་འགོད་པར“རང་ཉིད་ནི་གློག་ཤུགས་ལག་རྩལ་ཆེ་མོ་བ་ཞིག་ཡིན་པ་དང་དེ་གར་གློག་ཤུགས་རྣམ་གྲངས་མང་པོ་ཞིག་ལ་ལག་རྩལ་པ་དགོས་ཀྱི་ཡོད་པས་ཁྱེད་ཀྱིས་ངར་དཔལ་འབྱོར་དམིགས་བསལ་ཁུལ་གྱི་དོ་དམ་པ་ངོ་སྤྲོད་བྱས་ན་འགྲིག་གམ”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།