འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་ཕྱོགས་ཀྱིས་དམག་དོན་མི་སྣ་མངག་ནས་རྒྱལ་མཚམས་ལས་བརྒལ་
    བ་དེ་སྲིད་ཇུས་ཀྱི་ལག་ཆར་འཛིན་མི་རུང་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོས་རྒྱ་གར་ཕྱོགས་ཀྱིས་དམག་དོན་མི་སྣ་མངག་གཏོང་བྱས་ནས་གཏན་འཁེལ་ཟིན་པའི་རྒྱལ་མཚམས་ལས་བརྒལ་བ་དེ་དམིགས་ཡུལ་ག་གེ་མོ་ཞིག་བསྒྲུབ་རྒྱུའི་སྲིད་ཇུས་ཀྱི་ལག་ཆར་འཛིན་མི་རུང་ཞེས་བསྟན་པ་རེད།
         ལུའུ་ཁང་གིས་རྒྱ་གར་གྱི་མཐའ་མཚམས་དམག་དཔུང་གིས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་དོན་རྐྱེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱ་ཡུལ་དུ་གྱུར་ཞིང་། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁ་ཤས་ཀྱི་ཕྱི་འབྲེལ་དཔོན་གྱིས་དོན་འདི་ལ་ཧ་ལས་ཤིང་བསམ་ཤེས་བྱེད་དཀའ་བ་ཞིག་རེད་སྙམ་ནས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་ཀྲུང་གོའི་ཕྱོགས་ལ་ར་སྤྲོད་ཁུངས་སྐྱེལ་ཞུས་པ་རེད། ཕྱི་འབྲེལ་པུའུ་ཡིས་ཀྲུང་གོར་བཅའ་སྡོད་པའི་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་ལས་ཁུངས་དང་ཐུན་མོང་དུ་དོ་སྣང་བྱེད་པའི་གནད་དོན་ཐད་ལ་མཐུན་སྦྱོར་དམ་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བཤད་པ་རེད། 
         ཁོང་གིས་ངས་ནན་བཤད་བྱེད་དགོས་བསམ་པ་ནི།  ཐེངས་འདིའི་དོན་རྐྱེན་གྱི་དོན་དངོས་ནི་ཧ་ཅང་ཁ་གསལ་ཡིན་ཞིང་། ཀྲུང་རྒྱ་བར་གྱི་མཐའ་མཚམས་འབྲས་ལྗོངས་ས་མཚམས་དུམ་བུ་ནི་ཀྲུང་རྒྱ་ཕྱོགས་གཉིས་ཀས་ཐུན་མོང་དུ་ཁས་བླངས་པའི་གཏན་འཁེལ་ཟིན་པའི་མཐའ་མཚམས་ཡིན་ཞིང་། ཐེངས་འདིའི་དོན་རྐྱེན་གྱི་ངོ་བོ་ནི་རྒྱ་གར་གྱི་དམག་དཔུང་ཁྲིམས་དང་འགལ་ནས་ཀྲུང་རྒྱ་བར་གྱི་མཐའ་མཚམས་ཀྱི་འབྲས་ལྗོངས་ས་མཚམས་དུམ་བུའི་གཏན་འཁེལ་ཟིན་པའི་མཐའ་མཚམས་ལས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བ་རེད་ཅེས་བཤད་པ་རེད།
         ལུའུ་ཁང་གིས“ཀྲུང་གོས་རྒྱ་གར་ཕྱོགས་ཀྱིས་དམག་དོན་མི་སྣ་མངག་གཏོང་བྱས་ནས་གཏན་འཁེལ་ཟིན་པའི་རྒྱལ་མཚམས་ལས་བརྒལ་བ་དེ་དམིགས་ཡུལ་ག་གེ་མོ་ཞིག་བསྒྲུབ་རྒྱུའི་སྲིད་ཇུས་ཀྱི་ལག་ཆར་འཛིན་མི་རུང་བའི་སྐུལ་འདེབས་དྲག་པོ་གཏོང་གི་ཡིན”ཞེས་བཤད་པ་རེད།
         ཁོང་གིས་རྒྱ་གར་ཕྱོགས་ཀྱིས་དོན་རྐྱེན་གྱི་ངོ་བོ་གསལ་རྟོགས་བྱས་ཏེ་བྱེད་ཐབས་ལག་བསྟར་གང་མགྱོགས་བྱས་ནས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་མི་སྣ་རྣམས་མཐའ་མཚམས་ས་ཐིག་གི་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱེད་དགོས་པ་ལས། ནོར་འཁྲུལ་གྱི་ལམ་དུ་ཇེ་རིང་དུ་འགྲོ་མི་རུང་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།