འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ལྟ་རིན་ཆེན་པོ་ཡོད་པ་གསུམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་མཚོ་སྔོན་གྲོ་ཚང་དུ་སྤེལ་འགོ་ཚུགས་ཡོད། ཚེས་16ཉིན་ནས་བཟུང་ཨེ་ཤེ་ཡའི་རྩེར་སོན་རྐང་འཁོར་འགྲན་བསྡུར་ཉིད་འགྲན་བསྡུར་གྱི་ཉིན་མོར་སླེབས་ནས་རྩལ་འགྲན་རང་བཞིན་དང་ལྟད་མོའི་རང་བཞིན་གཞི་གཅིག་ཏུ་འདུས་པའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་ལྟ་ཡུལ་ཆེན་པོ་གསུམ་ལྡན་ཡོད།
         འགྲན་བསྡུར་ནང་མུ་མཐུད་འགྲན་སློང་གི་རྣམ་པ་རྒྱུན་འཁྱོངས་བྱས་པ།
         འདི་ལོ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ་3347དང་། འགྲན་བསྡུར་ལམ་ཐག་སྤྱི་ལེ་2042ཡོད་པ་དང་། མཚོ་སྔོན་གྱི་མངའ་ཁོངས་སུ་འགྲན་དུམ་8.5ཡོད་པ་དེ་སྐབས་གོང་མ་ལས་འགྲན་དུམ་1མང་དུ་ཕྱིན་པ་དང་། ཀན་སུའུ་རུ་འགྲན་དུམ་2.5དང་ཉིང་ཞ་རུ་འགྲན་དུམ་2བཀོད་སྒྲིག་བྱས་ཡོད།
         འགྲན་ཞུགས་རྐང་འཁོར་རུ་ཁག་ཁྱོན་22ཡོད་པའི་ནང་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཀྲོའུ་དབར་གྱི་ལས་རིགས་རུ་ཁག་2དང་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཀྲོའུ་དབར་གྱི་རུ་ཁག་20ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་འགྲན་བསྡུར་གྱིས་ཀྲོའུ་དབར་གྱི་འགྲན་བསྡུར་ཁྲོད་ས་བབ་མཐོ་ཤོས་དང་། རིམ་པ་གཅིག་མཚུངས་ཀྱི་འགྲན་བསྡུར་གྱི་བྱ་དགའི་དངུལ་མང་ཤོས། གཞི་ཁྱོན་ཆེ་ཤོས། བར་ཐག་རིང་ཤོས། ཉིན་མང་ཤོས། འགྲན་སློང་ཆེ་ཤོས་བཅས་ཀྱི་ཁྱད་ཆོས་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ནང་རི་ཁུལ་གྱི་གཞུང་ལམ་དང་ཞིང་ཆེན་གཞུང་ལམ་དང་དེ་བཞིན་གྲོང་གསེབ་གཞུང་ལམ་དུ་གཏོང་རྒྱུའི་རྣམ་གྲངས་མང་དུ་བཏང་བ་མ་ཟད། འགྲན་དུམ་ཆ་སྙོམས་མཐོ་ཚད་སྨི་3000ཡན་དང་ལམ་ཐག་སྤྱི་ལེ་2000ལྷག་ཙམ་ཡོད་པས་ལུས་རྩལ་པའི་གཟུགས་པོ་དང་སྙིང་རུས་ལ་འགྲན་སློང་བྱས་པ་དང་གཅིག་མཚུངས་ཡིན།
         གནའ་བོའི་དར་གོས་ལམ་བུའི་ཐོག་གི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས།
         འདི་ལོ་འགྲན་བསྡུར་གྱི་ལམ་དུམ་མང་ཆེ་བ་དར་གོས་ལམ་བུ་གསར་པའི་དཔལ་འབྱོར་ཁུལ་དུ་གནས་པས་འགྲན་བསྡུར་ཉིད་གནའ་བོའི་དར་གོས་ལམ་བུ་དང་གཅིག་རྒྱུན་གཅིག་འཛིན་ཐུབ་པ་མ་ཟད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྤྱིའི་འཐབ་ཇུས་དང་ཡང་མཐུན་གྱི་ཡོད།
         ཀྲང་ཉིང་གིས་དར་གོས་ལམ་བུའི་ལྷོ་རྒྱུད་དུ་གནས་པའི་མཚོ་སྔོན་ནས་ཐོན་ཏེ་ལམ་བར་དུ་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་བརྒྱུད་ཧོ་ལན་རི་བོ་བརྒལ་བ་མ་ཟད། ཐང་བོད་གནའ་ལམ་དང་། ཧོ་ཞིའི་བར་ཁྱམས། དར་གོས་ལམ་བུ། རྨ་ཆུའི་ངོགས་གཉིས་བཅས་བརྒྱུད་ཀྱི་ཡོད་ཅེས་བཤད།
         འདི་ལོ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་གྱི་ས་ཚིགས་དང་པོ་ཀན་སུའུ་ཉིང་ཞ་ནས་ཐོན་རྒྱུ་དང་། དེ་ག་ནི་དར་གོས་ལམ་བུ་རྙིང་པའི་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན་པས་ཤར་ནུབ་དབར་སྤེལ་རེས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ། ཟི་ལིང་དང་། མཚོ་ཤར། ཉིང་ཞ། ཐན་ཧྲུའེ། ཀྲུང་ཝེ། དབྱིན་ཁྲོན་སོགས་ལམ་རྒྱུད་ཀྱི་གྲོང་ཁྱེར་དག་དར་གོས་ལམ་བུ་གསར་པའི་དཔལ་འབྱོར་ཁུལ་གྱི་མཚམས་ཚིག་གལ་ཆེན་དུ་གནས་པ་དེས་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་བྱེད་སྒོ་ཁྱབ་གདལ་གཏོང་རྒྱུའི་ངོས་ནས་བརྗོད་ན་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་སྨོས་མེད་རེད།
         དམངས་ཡོངས་ལུས་སྦྱོང་དང་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་འགྲན་བསྡུར་ནང་འཇུག་རྒྱུ་ཡིན་པ།
         ཀྲང་ཉིང་གིས་འདི་ལོ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ལམ་ཐིག་མང་ཆེ་བ་མི་འདུ་འཛོམས་ཆེ་ཁུལ་གྱི་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་ཡོད་པས་དམངས་ཡོངས་ཀྱི་ལུས་སྦྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་རེ་བྱེད་ཀྱི་ཡོད་ཅེས་བཤད།
         བདམས་ཐོན་པས་རྐང་འཁོར་གཏོང་ཡུལ་དུ་ལྟད་མོ་བ་མང་པོ་ཞིག་གིས་ཁོང་ཚོར་སྐུལ་ལྕག་གི་འབོད་སྒྲ་གྲགས་ཀྱི་ཡོད། ང་ཚོའི་རེ་བར་ལྟད་མོ་བ་ཚོས་འགྲན་བསྡུར་ལྟ་རིང་རྐང་འཁོར་བཞོན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ནས་འགྲན་བསྡུར་དེ་བརྒྱུད་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད”ཅེས་ཀྲང་ཉིང་གིས་བཤད།
         མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་མ་བྱས་གོང་། 2017ལོའི་མཚོ་སྔོན་པོ་སྐོར་བའི་མཉམ་འབྲེལ་འགྲན་བསྡུར་གྱི“མེ་མདའི་སྒྲ”ཀྲུང་གོའི་གྲོང་ཁྱེར་མང་པོ་ཞིག་ཏུ་གྲགས། ཞ་མོན་དང་། ཁྲེང་ཏུའུ། ཐེན་ཅིན། ལུའོ་དབྱང་སོགས་གྲོང་ཁྱེར་མང་པོ་ཞིག་ཏུ་དམངས་ཁྲོད་རྐང་འཁོར་གཏོང་མཁན་གྱི་གྲིབ་གཟུགས་མཐོང་རྒྱུ་ཡོད། རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་མང་པོ་ཞིག་གིས“བྱེད་སྒོ་དེས་ང་ཚོར་རང་ཉིད་ཀྱི་གྲོང་ཁྱེར་ནང་དུའང་མཚོ་སྔོན་པོ་སྐོར་བའི་གསོན་ཤུགས་དང་སྤྲོ་སེམས་ཚོར་ཐུབ་ཀྱི་འདུག”ཅེས་བཤད།
         གཞན་ཡང་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ནང་རང་བྱུང་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།