འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། 2017ལོའི་རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་དངོས་སུ་འཕེན་འགོ་ཚུགས་ཤིང་། རྒྱ་གར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་མི་དང་རྒྱལ་ཕྲན་ཁག་གི་གྲོས་ཚོགས་ཁོངས་མི་ལས་གྲུབ་པའི་འདེམས་བསྐོ་ཚོགས་པས་གསར་དུ་བསྐོ་གཞག་བྱ་རྒྱུའི་རྒྱ་གར་གྱི་ཙུང་ཐུང་འདེམས་རྒྱུ་ཡིན་པ་དང་འདེམས་བསྐོའི་མཇུག་འབྲས་ཟླ་7ཚེས་20ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།
         རྒྱ་གར་འདེམས་བསྐོ་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འདེམས་བསྐོར་འདེམས་ཤོག་འཕེན་པའི་དུས་ཚོད་ནི་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་ཕྱི་དྲོའི་ཆུ་ཚོད་5པ་བར་ཡིན་ཞིང་། འདེམས་མཁན་4896ལས་གྲུབ་པའི་ཙུང་ཐུང་འདེམས་བསྐོ་ཚོགས་པས་འདེམས་ཤོག་འཕེན་རྒྱུ་རེད། དེའི་ནང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་མི་776དང་རྒྱལ་ཕྲན་ཁག་གི་ཁྲིམས་འཛུགས་ལས་ཁུངས་ནས་བདམས་ཐོན་བྱུང་བའི་གྲོས་མི་4120ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།