འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་གྱི་དབྱར་གཞུང་གི་རྩྭ་ཐང་སྟེང“ཤམ་བྷ་ལ”ཡུལ་སྐོར་སྒྱུ་
    རྩལ་དུས་ཆེན་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་གྱི་དབྱར་གཞུང་གི་རྩྭ་ཐང་སྟེང“ཤམ་བྷ་ལ”ཡུལ་སྐོར་སྒྱུ་
རྩལ་དུས་ཆེན་གཉེར་བ།
       མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། སྐབས་བཅོ་བརྒྱད་པའི“ཀྲུང་གོ·ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན”ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དུང་ཕྲུག་རྩྭ་ཐང་དུ་འགོ་ཚུགས་ཤིང་། སྐབས་འདིའི“ཤམ་བྷ་ལ”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་དུས་ཡུན་ཉིན་4ཡིན་ལ། རིག་རྩལ་འཁྲབ་སྟོན་དང་། སྲོལ་རྒྱུན་སྐོར་བྲོ། “ལྟ་ན་སྡུག་པའི་བོད་ཁུལ”གྱི་ཁྱད་ལྡན་ཚོང་འདུས། རྟ་པ་སྟོང་གི་སྐོར་སྐྱོད་དང་རྩྭ་ཐང་གི་མེ་ཕུང་རོལ་དབྱངས་དུས་ཆེན་སོགས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་གི་ཡིད་དབང་བཀུག་ཅིང་། འདི་ནི་བོད་རིགས་གྲོགས་པོ་ཆུང་ཆུང་ཚོས“ཤམ་བྷ་ལ”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གི་སྐུ་མགྲོན་ལ་ཁ་བཏགས་འབུལ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།