འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོས་ཁྲའོ་ཞན་ཕྱོགས་ལ་དམག་དོན་དང་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་ལ་
    གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཧན་གོས་ཁྲའོ་ཞན་ཕྱོགས་ལ་ཟླ་7ཚེས་21ཉིན་དང་ཟླ་8ཚེས་1ཉིན་པན་མོན་ཏན་དུ་ཕྱོགས་གཉིས་པོའི་དམག་དོན་གྲོས་མོལ་དང་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་ལ་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།
         དེ་ཉིན་ཧན་གོའི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས་ཁྲའོ་ཞན་ཕྱོགས་ལ་ཟླ་7ཚེས་21ཉིན་པན་མོན་ཏན་གྱི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་དུ་ཧན་ཁྲའོ་ཡི་དམག་དོན་ལ་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་པོའི་དམག་དོན་དབྱེ་མཚམས་ཀྱི་འགྲམ་དུ་དམག་དོན་གྱི་གནས་ཚུལ་བྱེད་སྡུག་ཏུ་འགྲོ་བའི་དགྲ་འཛིན་བྱེད་སྤྱོད་ཚང་མ་མཚམས་འཇོག་བྱ་རྒྱུར་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཧན་གོའི་རྒྱལ་སྲུང་པུའུ་ཡིས་དེ་གོང་ཆད་པའི་ཕྱོགས་གཉིས་པོའི་དམག་དོན་ཐད་འབྲེལ་ཁ་པར་སླར་གསོ་བྱ་རྒྱུའི་རེ་བ་བཏོན་པ་རེད།
         དེ་ཉིན་ཧན་གོ་ཕྱོགས་ཀྱིས་ད་དུང་ཟླ་8ཚེས་1ཉིན་པན་མོན་ཏན་གྱི་ཧན་གོའི་ཕྱོགས་ཤིག་ཏུ་ཧན་ཁྲའོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་ལ་གྲོས་མོལ་བྱས་ཏེ་འདི་ལོའི་ཟླ་མཆོད་དུས་ཆེན་རིང་ཁ་ཐོར་ནང་མི་མཉམ་འཛོམས་བྱ་རྒྱུའི་བྱེད་སྒོའི་བྱ་བར་གྲོས་བསྡུར་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཧན་ཁྲའོ་ཡི་ཁ་ཐོར་ནང་མི་མཉམ་འཛོམས་ཀྱི་དེ་གོང་བྱེད་སྒོ་དེ་2015ལོའི་ཟླ་བཅུ་པར་ཁྲའོ་ཤན་གྱི་ཅིན་ཀང་ཧྲན་མཛེས་ལྗོངས་ཁུལ་དུ་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།