འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མེ་སྐྱོན་ཤོར་བརྡ་བཏང་བས་མི་རྣམས་
    ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མེ་སྐྱོན་ཤོར་བརྡ་བཏང་བས་མི་རྣམས་
ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མེ་སྐྱོན་ཤོར་བརྡ་བཏང་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་། ཕྱི་འབྲེལ་དཔོན། ཡུལ་སྐོར་བ་སོགས་ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་ཤིང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་ཉེན་བརྡ་གཏོང་མཚམས་བཞག་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོའི་མགྲིན་ཚབ་པ་གཞོན་པ་ཧ་ཁེ་ཡིས་ས་གནས་དེ་གའི་དུས་ཚོད་ཉིན་དེའི་སྔ་དྲོའི་ཆུ་ཚོད་11:00ཡས་མས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་ས་འོག་ཐོག་རིམ་གཉིས་པའི་རླུང་བརྒྱུད་འཕྲུལ་འཁོར་ཁང་མིག་ཅིག་ནང་གི་མེ་སྐྱོན་ཉེན་བརྡ་སྒྲིག་ཆས་ནས་གློ་བུར་དུ་མེ་སྐྱོན་ཤོར་བརྡ་བཏང་བས། འབྲེལ་ཡོད་སྡེ་ཁག་གིས་ཉེན་ཟོན་བྱེད་རྒྱུའི་བསམ་བློ་བཏང་ནས་མི་རྣམས་ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་པ་རེད།
    ༄༅།།ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མེ་སྐྱོན་ཤོར་བརྡ་བཏང་བས་མི་རྣམས་
ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་པ།
    ༄༅།།ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མེ་སྐྱོན་ཤོར་བརྡ་བཏང་བས་མི་རྣམས་
ཐོག་བརྩེགས་ཁང་ཕྱིར་ཐོར་འགྲེམས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།