འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིས་འགག་རྩའི་ཁྲིམས་གཞི་ཁྱབ་བསྒྲགས་བྱས་པ།

    “ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཀྱི་ཡོ་རོབ་མནའ་འབྲེལ་བཅའ་ཁྲིམས་ཐག་གཅོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། དབྱིན་ཇིས་འགོ་བརྗོད་དུ་《ཁྲིམས་གཞི་མེད་པ་བཟོ་བ་》ཞེས་པའི་གལ་འགངས་ཆེ་བའི་བཅའ་ཁྲིམས་ཡིག་ཆ་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་ད་ཡོད་ཀྱི་ཡོ་རོབ་མནའ་འབྲེལ་བཅའ་ཁྲིམས་དེ་དབྱིན་ཇིའི་རྒྱལ་ནང་བཅའ་ཁྲིམས་སུ་སྒྱུར་ནས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཀྱི་བཅའ་ཁྲིམས་འབྲེལ་མཐུད་བྱ་རྒྱུར་གྲ་སྒྲིག་བྱེད་པ་ཞིག་ཡིན།
        ཁྲིམས་གཞི་དེས་དབྱིན་ཇིའི་གྲོས་ཚོགས་ཀྱིས་1972ལོར་གཏན་འཁེལ་བྱས་པ་དང་1973ལོར་ཡོ་རོབ་མནའ་འབྲེལ་ནང་ཞུགས་ཕྱིར་གྲ་སྒྲིག་བྱས་པའི་《ཡོ་རོབ་གཅིག་མཐུན་འདུས་གྲུབ་ཀྱི་ཁྲིམས་གཞི་》མེད་པ་བཟོ་རྒྱུ་རེད། ཁྲིམས་གཞི་དེས་ཡོ་རོབ་མནའ་འབྲེལ་བཅའ་ཁྲིམས་དབྱིན་ཇིར་ཐད་ཀར་སྤྱོད་པའམ་ཡང་ན་གཞན་བརྒྱུད་ཐོག་ནས་སྤྱོད་པ་དང་དབྱིན་ཇིའི་བཅའ་ཁྲིམས་དང་ཡོ་རོབ་མནའ་འབྲེལ་བཅའ་ཁྲིམས་དབར་འགལ་ཟླ་ཐོན་ཚེ་ཡོ་རོབ་མནའ་འབྲེལ་བཅའ་ཁྲིམས་སྔོན་ལ་བརྩི་སྲུང་བྱེད་པ་སོགས་ཀྱི་རྩ་དོན་གཏན་འཁེལ་བྱས་ཡོད།
         ས་གནས་དེ་གའི་གླེང་ཕྱོགས་ཀྱིས་《ཁྲིམས་གཞི་མེད་པ་བཟོ་བ་》ནི“དབྱིན་ཇིའི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཁྲིམས་གཞིའི་གྲས་ཤིག་ཡིན་པས”མཐར་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བ་དང་གྲོས་ཚོགས་ཀྱི་ཁྲིམས་འཛུགས་དབང་ཆ་ཚུར་ལེན་བྱ་རྒྱུར་གྲ་སྒྲིག་བྱས་ཡོད། 《ཁྲིམས་གཞི་མེད་པ་བཟོ་བ་》དེར་དབྱིན་ཇིའི་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས་གཞི་ནས་བཅའ་ཁྲིམས་ལ་འགྱུར་རྒྱུ་རེད་ཅེས་བརྗོད་ཀྱི་ཡོད།
         དབྱེ་ཞིབ་མི་སྣས་ཁྲིམས་གཞི་དེར་གྲོས་ཚོགས་ཐོག་གྲོས་འཆམ་ཐུབ་མིན་དེ་དབུ་བཞུགས་བློན་ཆེན་ཐེ་ལུའེ་ཧྲ·མའེ་ཡི་འགོ་ཁྲིད་ནུས་པར་ཚོད་བགམ་བྱ་རྒྱུར་འབུལ་རྒྱུ་རེད། ཁྲིམས་གཞི་དེ་འདི་ལོའི་ལོ་མཇུག་གོང་གྲོས་ཚོགས་ཐོག་རྩོད་གླེང་བྱ་རྒྱུར་འབུལ་རྒྱུ་དང་དབྱིན་ཇི་དངོས་སུ“ཡོ་རོབ་མནའ་འབྲེལ་ནས་ཁ་མ་བྲལ”གོང་གྲོས་འཆམ་ཡོང་བ་བྱེད་དགོས་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།