འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཀྲུང་གོའི་འཕྱོ་གཡེང་སྤྲོ་སྐྱིད་ཁང་གི་རིམ་མཚུངས་མཉམ་འགྲན་ཡུལ་ཤུལ་དུ་
    བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། 2017ལོའི་ཀྲུང་གོའི་འཕྱོ་གཡེང་སྤྲོ་སྐྱིད་ཁང་གི་རིམ་མཚུངས་མཉམ་འགྲན་དང་འཕྱོ་གཡེང་གི“ལུས་རྩལ་པ་རྒན་གྲས་ཀྱི་འགྲན་བསྡུར”ཟླ་7ཚེས་30ཉིན་ནས་ཟླ་8ཚེས་3ཉིན་བར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་དུ་བྱ་རྒྱུ་ཡིན་པ་རེད། ད་རེས་ཀྱི་རིམ་མཚུངས་མཉམ་འགྲན་ནང་རྒྱལ་ཡོངས་འཕྱོ་གཡེང་སྤྲོ་སྐྱིད་ཁང་གི་རིམ་མཚུངས་མཉམ་འགྲན་དང་འཕྱོ་གཡེང་གི“ལུས་རྩལ་པ་རྒན་གྲས་ཀྱི་འགྲན་བསྡུར”གྱི་བྱེད་སྒོ་གཉིས་ཚུད་ཡོད། དེ་ནི་རྒྱལ་ཡོངས་འཕྱོ་གཡེང་སྤྲོ་སྐྱིད་ཁང་གི་རིམ་མཚུངས་མཉམ་འགྲན་གྱི་འགྲན་བསྡུར་ཐོག་མ་དེ་ཡིན་པ་དང་འགྲན་བསྡུར་ནང་འཕྱོ་གཡེང་དང་རླབས་ཤུད་རྣམ་གྲངས་གཉིས་ཡོད་པའི་ནང་མཐའ་མའི་གདོང་མཆོང་འགྲན་བསྡུར་དང་། ཁ་གཏད་འགྲན་བསྡུར། ལམ་ཐག་རིང་བའི་འགྲན་བསྡུར་བཅས་ཚོགས་ཆུང་གསུམ་ཚུད་པ་དེ་དག་ནང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྤྲོ་སྐྱིད་ཁང་གི་རུ་ཁག་30ལྷག་ཙམ་ཞུགས་རྒྱུ་རེད། འཕྱོ་གཡེང་གི“ལུས་རྩལ་རྒན་གྲས་ཀྱི་འགྲན་བསྡུར”ནི་རྨ་ཆུར་འཕྱོ་གཡེང་བྱས་ནས་ལོ་30འཁོར་བར་དྲན་གསོ་བྱ་ཆེད་ཆེད་མངགས་བཙུགས་པའི་རྣམ་གྲངས་ཤིག་ཡིན་པ་དང་དེའི་ནང་མཐའ་མའི་གདོང་མཆོང་དང་ལམ་ཐག་རིང་བའི་འགྲན་བསྡུར་གཉིས་ཡོད། བདམས་ཐོན་པ་སྤྱིར་ན་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཕྱོ་གཡེང་ལུས་རྩལ་ནང་ཞུགས་ནས་ལོ་མང་སོང་བ་དང་ཀྲུང་གོའི་འཕྱོ་གཡེང་ལུས་རྩལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་མཁན་གྱི་དཔལ་བོ་ཤ་སྟག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།