འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགེ་འདུན་ཚོས་2018ལོའི་དབྱར་དུས་ཀྱི་དགེ་བཤེས་རྒྱུགས་སྤྲོད་ཀྱི་གྲ་
    སྒྲིག་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་ཚོས་2018ལོའི་དབྱར་དུས་ཀྱི་དགེ་བཤེས་རྒྱུགས་སྤྲོད་ཀྱི་གྲ་
སྒྲིག་བྱེད་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ལྷ་སའི་འབྲས་སྤུངས་དགོན་གྱི་ཚོགས་ཆེན་འདུ་ཁང་དུ། གློག་འོད་གསལ་ལེར་ཡོད་ལ། ཞལ་འདོན་གྱི་སྒྲ་དབྱངས་གང་སར་ཁྱབ་ཡོད་པ་རེད། ངུར་སྨུག་གི་ཆོས་གོས་བསྣམས་པའི་དགེ་འདུན་ཚོ་གཙོ་གྲལ་གྱི་ཕྱོགས་གཉིས་སུ་བསྟར་མར་བཞུགས་ནས་བྱེད་སྒོའི་འགོ་རྩོམ་པར་སྒུག་ཡོད་པ་རེད།
          ཉིན་དེར། 2018ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་ཀྱི་དབྱར་དུས་གྲ་སྒྲིག་བྱེད་སྒོ་འབྲས་སྤུངས་དགོན་དུ་སྤེལ་འགོ་ཚུགས་པ་རེད། དགེ་བཤེས་ནི་དགེ་བའི་བཤེས་གཉེན་ཆེན་མོར་ཟེར་བ་ཡིན་ལ། དེ་ལ་རྡོ་རམས་པའི་དགེ་བཤེས་དང་། གླིང་བསྲེའི་དགེ་བཤེས། ཚོགས་རམས་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་བཅས་བཞི་ཡོད་པ་དང་། དགེ་བཤེས་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགེ་འདུན་གྱིས་མདོ་ཕྱོགས་ལ་སློབ་གཉེར་བྱེད་པའི་ཆེས་མཐོ་བའི་བསླབ་གནས་ཡིན་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་གྲ་སྒྲིག་རྒྱུགས་སྤྲོད་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་དང་སེ་ར་དགོན། དགའ་ལྡན་དགོན། ར་སྟོད་དགོན། གཞིས་རྩེའི་བཀྲས་ལྷུན་དགོན། ཆབ་མདོའི་དཔའ་ཤོད་དགོན། བྱམས་པ་གླིང་། ནག་ཆུའི་རབ་བརྟན་དགོན། ཆོས་འཁོར་དགོན་བཅས་ཀྱི་དགོན་པའི་དོ་དམ་ཨུ་ལྷན་གྱིས་ད་བཞུགས་མཁན་པོ་དང་། ཡོངས་འཛིན་སོགས་རྩ་འཛུགས་བྱས་ཏེ། རང་དགོན་པའི་གནས་ཚུལ་དངོས་ལ་གཞིགས་ནས། སློབ་གཉེར་མཁན་གྱི་རང་མོས་ཐོ་འགོད་འོག དགོན་པ་ཁག་གི་དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་དགེ་འདུན་གྱི་མིང་ཐོར་ཞིབ་འཇུག་འོས་སྦྱོར་བྱས་པ་ཡིན་ཞིང་། ད་ལོར་ཁྱོན་བསྡོམས་དགེ་འདུན་9དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་སྤྲོད་ནང་ཞུགས་ཡོད་པ་རེད།
          ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ནང་བསྟན་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་བཤེས་ལྷ་རམས་པའི་དཔྱད་ཞིབ་གདེང་འཇོག་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བ་བློ་བཟང་བ་འཕྲིན་ལས་ཆོས་བཟང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཐེངས་འདིའི་རྟགས་གསལ་གཏོང་བའི་རྒྱུགས་ལེན་ནི་ཉིན་ལྔ་རིང་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་ལ། ཆབ་སྲིད་དང་རིག་གནས་ཀྱི་རྒྱུགས་ཚན་གཉིས་བསྣན་ན་ཁྱོན་བསྡོམས་ཉིན་7ཡིན་པ་རེད། དཔྱད་ཞིབ་ནི་སྲོལ་རྒྱུན་གྱི་ལུགས་སྲོལ་བཞིན། དཔྱད་ཞིབ་གདེང་འཇོག་དགེ་རྒན་གྱིས་བཏོན་པའི་གཞུང་ཆེན་ཀ་པོད་ལྔའི་ནང་གི་དྲི་བར་ རྒྱུགས་སྤྲོད་མཁན་གྱིས་ལན་འདེབས་དགོས་ལ། དཔྱད་ཞིབ་གདེང་འཇོག་ཨུ་ལྷན་གྱིས་རྒྱུགས་སྤྲོད་མཁན་གྱི་རྟགས་གསལ་གཏོང་ཚུལ་ལ་གཞིགས་ནས་ཡུལ་དངོས་སུ་སྐར་མ་སྤྲོད་རྒྱུ་རེད།
            རྟགས་གསལ་དཔྱད་ཞིབ་མཇུག་རྫོགས་རྗེས། དུས་བབ་ཆབ་སྲིད་དང་རིག་གནས་ཤེས་བྱའི་རྒྱུགས་སྤྲོད་དགོས་ལ། དཔྱད་ཞིབ་གདེང་འཇོག་ཨུ་ལྷན་གྱིས་གྲ་སྒྲིག་རྒྱུགས་ཞུགས་མཁན་གྱི་དཔྱད་ཞིབ་བྱས་ཚུལ་ཚང་མར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་རྗེས། 2018ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་རྒྱུགས་སུ་ཞུགས་ཆོག་མིན་དང་ཨང་རིམ་གཏན་འཁེལ་བྱེད་རྒྱུ་རེད།
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་ཚོས་2018ལོའི་དབྱར་དུས་ཀྱི་དགེ་བཤེས་རྒྱུགས་སྤྲོད་ཀྱི་གྲ་
སྒྲིག་བྱེད་འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་ཚོས་2018ལོའི་དབྱར་དུས་ཀྱི་དགེ་བཤེས་རྒྱུགས་སྤྲོད་ཀྱི་གྲ་
སྒྲིག་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།