འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་ནང་བློན་ཁང་གིས་ཐེ་ཀྲུང་ལྕགས་ལམ་མཉམ་ལས་རྣམ་གྲངས་ཀྱི་པང་ཁོག་ནས་ཧོ་
    ལེ་བར་གྱི་ལམ་དུམ་འཛུགས་སྐྲུན་ལ་ཆོག་མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐེ་ལན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཐེ་ལན་ནང་བློན་ཁང་གིས་ཐེ་ཀྲུང་ལྕགས་ལམ་མཉམ་ལས་རྣམ་གྲངས་ཀྱི་པང་ཁོག་ནས་ཧོ་ལེ་བར་གྱི་ལམ་དུམ་འཛུགས་སྐྲུན་ལ་ཆོག་མཆན་སྤྲད་པ་དང་། སྔོན་དཔག་ལྟར་ན། འཛུགས་སྐྲུན་ལས་གྲྭ་དེ་འདི་ལོའི་ཟླ་9པར་ལས་འགོ་འཛུགས་རྒྱུ་དང་ལས་ཡུན་ལོ་4རེད་ཅེས་བརྗོད་པ་རེད།
         ཐེ་ལན་ཙུང་ལིའི་ལས་ཤག་གི་པུའུ་ཀྲང་གཞོན་པ་ཀེ་ཧྲས་ནང་བློན་ཁང་གི་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་ཚན་པར་ནང་བློན་ཁང་གིས་ཐེ་ལན་ལྕགས་ལམ་ཅུས་ཀྱི་པང་ཁོག་ནས་ཧོ་ལེའི་ལས་ཤག་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ཆོག་མཆན་སྤྲད་ཟིན། ལྕགས་ལམ་དུམ་བུ་དེའི་རིང་ཚད་ལ་སྤྱི་ལེ་230ཙམ་ཟིན་པ་དང་། ཇུས་འགོད་མྱུར་ཚད་མཐོ་ཤོས་སུ་ཆུ་ཚོད་རེར་སྤྱི་ལེ་250ཟིན་གྱི་ཡོད། ལྕགས་ལམ་དེ་པང་ཁོག་པང་སི་བབས་ཚུགས་ནས་ཐོན་ཏེ་ལང་མན་གནམ་ཐང་སོགས་སུ་བརྒྱུད་སྡོད་བྱས་རྗེས་ཧོ་ལེ་ལས་ཤག་གི་ཧོ་ལེ་བབས་ཚུགས་སུ་འབྱོར་གྱི་ཡོད། སྔོན་དཔག་ལྟར་ན། ལས་གྲྭ་དེར་ཐེ་ཀྲུའུ་དུང་ཕྱུར་1794(མི་དམངས་ཤོག་སྒོར་དུང་ཕྱུར་355ཙམ་ཟིན་པ)གཏོང་རྩིས་ཡོད་པ་དང་མ་དངུལ་དེ་དག་ཚང་མ་ཐེ་ལན་སྲིད་གཞུང་གིས་འགན་འཁུར་རྒྱུ་རེད་ཅེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། པང་ཁོག་ནས་ཧོ་ལེ་ལམ་དུམ་བར་གྱི་ལྕགས་ལམ་བསྐྲུན་རྗེས་གཉེར་སྐྱོང་ལམ་ཐག་ཧྲིལ་པོར་ཆུ་ཚོད་1དང་སྐར་མ་30ཙམ་ལས་འགོར་གྱི་མེད་པ་དང་། དེ་སྔ་སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ན་ཆུ་ཚོད་4ལྷག་ཙམ་འགོར་བ་ལས་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ཡོད། ལྕགས་ལམ་རྒྱུད་དུ་བབས་ཚུགས་6བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།