འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་སླར་ཡང་སྐད་ཆ་ཤོད་རེས་བྱ་རྒྱུར་
    ཆ་རྐྱེན་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོཌ་འདུའི་ཐོག་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་དགེ་མཚན་ལྡན་པའི་ཕྱོཌ་སུ་ཁ་ཕྱོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གནས་ཚུལ་འཕེལ་མེད་རང་སོར་ལུས་པ་ལས་སྒྲོལ་བ་དང་སླར་ཡང་གྲོས་མོལ་དང་སྐད་ཆ་ཤོད་རེས་བྱ་རྒྱུར་ཆ་རྐྱེན་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་17ཉིན་ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ལ་དམག་དོན་གྲོས་མོལ་དང་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་འདྲི་བ་བཏོན།
         ལུའུ་ཁང་གིས་ང་ཚོས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཕྱེད་གླིང་ལྷོ་བྱང་གཉིས་ཀྱིས་སྐད་ཆ་ཤོད་རེས་བྱེད་པ་བརྒྱུད་ཕན་ཚུན་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བ་དང་མཐུན་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ་དེས་ཕྱེད་གླིང་གི་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་ས་ཁུལ་དེ་རང་གི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།
         “ང་ཚོས་ཁྲའོ་ཧན་རྒྱལ་ཁབ་གཉིས་ཀྱིས་དགེ་མཚན་ལྡན་པའི་ཕྱོགས་སུ་ཁ་ཕྱོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གནས་ཚུལ་འཕེལ་མེད་རང་སོར་ལུས་པ་ལས་སྒྲོལ་བ་དང་སླར་ཡང་གྲོས་མོལ་དང་སྐད་ཆ་ཤོད་རེས་བྱ་རྒྱུར་ཆ་རྐྱེན་གཏོད་རྒྱུའི་རེ་བ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་དེའི་ཐད་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་འོས་འཚམ་ངང་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡང་ཡོད”ཅེས་ལུའུ་ཁང་གིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།