འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་ལྔའི་རིང་བོད་ཡིག་བསླབ་གཞི་རིགས་130རྩོམ་སྒྱུར་བྱས་ནས་བོད་
    རིགས་ས་ཁུལ་གྱི"སྐད་གཉིས"སློབ་ཁྲིད་ཀྱི་དགོས་མཁོ་བསྐངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་རིང་བོད་ཡིག་བསླབ་གཞི་རིགས་130དང་ཡིག་འབྲུ་ཁྲི་2728.35རྩོམ་སྒྱུར་བྱས་ནས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་3000ལྷག་ཙམ་གྱི“སྐད་གཉིས”སློབ་ཁྲིད་ཀྱི་དགོས་མཁོ་བསྐངས་པ་རེད།
         མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྒྲིག་གཞི་དེས་ལོ་ལྔའི་རིང་ལོ་དགུའི་འོས་འགན་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་གསོའི་བོད་ཡིག་བསླབ་གཞི་གསར་པ་རིགས་130དང་ཡིག་འབྲུ་ཁྲི་2728.35རྩོམ་སྒྱུར་བྱས་པ་དེ་དག་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། དབྱིན་ཡིག ལུས་རྩལ། རི་མོ་སོགས་སློབ་ཚན་13གྱི་སློབ་དེབ་དང་། དགེ་རྒན་གྱི་ཁྲིད་དེབ། བསྐྱར་སྦྱོང་དེབ། གུང་གསེང་རིང་གི་སྦྱོང་དེབ། སློབ་ཚན་གྱི་ཚད་གཞི། ཚོད་ལྟའི་སྙན་ཞུ། ས་བཀྲ་ཁ་སྐོང་དེབ། སློབ་ཚན་ཁག་གི་ཚིག་མཛོད་བཅས་བསླབ་གཞིའི་རིགས་ཆེན་པོ་བརྒྱད་དང་འབྲེལ་བ་དེས་མི་རིགས་ཡི་གེའི་བསླབ་གཞི་དང་རྒྱ་ཡིག་བསླབ་གཞི“མཉམ་དུ་མཁོ་འདོན་དང་། སློབ་ཚན་གོང་དུ་སློབ་དེབ་རག་པ། མི་རེར་དེབ་རེ་ཡོད་པ”བཅས་བྱུང་ཡོད།
         “བོད་ཡིག་བསླབ་གཞི་ནི་མི་རིགས་སློབ་གྲྭ་ཆུང་འབྲིང་གིས་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན་པས་དེར་སྣེ་ཁྲིད་ནུས་པ་གལ་ཆེན་ལྡན་ཡོད། ལོ་རེའི་དཔྱིད་ཀ་དང་སྟོན་ཁར། ང་ཚོས་རྩོམ་སྒྱུར་པ་སྒྲིག་འཛུགས་བྱས་ནས་རྗེས་འདེད་བརྟག་ཞིབ་དང་། དགེ་རྒན་དང་རིགས་གཅིག་མཁན་ཅན་དག་གི་སློབ་ཁྲིད་བསམ་འཆར་ཉན་དུ་བཅུག་སྟེ་རྩོམ་སྒྱུར་གྱི་ཡང་དག་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་རུ་གཏོང་གི་ཡོད”ཅེས་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ལེང་ཐའོ་ཡིས་བརྗོད།
         བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་30ལྷག་ཙམ་རིང་། མཚོ་སྔོན་ཞིང་ཆེན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་ཁྱོན་བོད་ཡིག་བསླབ་གཞི་རིགས་1800ལྷག་ཙམ་དང་ཡིག་འབྲུ་དུང་ཕྱུར་2ཙམ་རྩོམ་སྒྱུར་བྱས་པ་དེ་དག་ཞིང་ཆེན་དང་ལྗོངས་ལྔའི་སློབ་གྲྭ་3000ལྷག་ཙམ་གྱིས་བེད་སྤྱོད་བཏང་བས་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མ་ཁྲི་80ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།