འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁྲོད་ཀྱི་ཀྲུང་གོའི་དགེ་མཚན་ལྡན་པའི་ནུས་པར་རྒྱལ་ཁབ་
    མང་པོའི་མཁས་དབང་གི་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། འཛམ་གླིང་གི་ཀྲུང་གོའི་རིག་པའི་གླེང་སྟེགས་ཡོ་རོབ་ཡན་ལག་གླེང་སྟེགས་གཉེར་བ་དང་ཚོགས་ཞུགས་རྒྱལ་ཁབ་མང་པོའི་མཁས་དབང་གིས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བསྔགས་བརྗོད་གནང་བ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་རྒྱུའི་ངོས་འཛིན་གནང་བ་རེད།
         ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་དང་གོ་ལ་ཧྲིལ་པོ་ཅན། དུས་མཚམས་གསར་པ་དང་འགྲན་སློང་གསར་པ”ཞེས་པ་དེ་ཡིན་ཞིང་། ཀྲུང་གོ་དང་། འཇར་མན། དབྱིན་ཇི་སོགས་རྒྱལ་ཁབ་ཀྱི་མཁས་དབང་50ལྷག་ཙམ་གྱིས་གླེང་གཞི་མང་པོར་དམིགས་ནས་གླེང་མོལ་གནང་བ་དང་མིག་སྔའི་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་དེའི་ཤུགས་རྐྱེན་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་གོ་ལ་ཧྲིལ་པོ་ཅན་གྱི་རྙོག་འཛིང་ཆེ་བའི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་ནུས་པ་དང་འགན་འཁྲིར་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
         ཡོ་རོབ་མནའ་འབྲེལ་གྱི་ཇུས་འདོན་ཚོགས་པ་ཡོ་རོབ་མཛའ་གྲོགས་མཐུན་ཚོགས་ཀྱི་སྲིད་ཇུས་ཞིབ་འཇུག་ཀྲུའུ་རེན་ཧྲ་ཏ·དབྱི་སི་ལན་གྱིས་ད་ཆ་རྒྱལ་ཁབ་ཁ་ཤས་ཀྱིས་གོ་ལ་ཧྲིལ་པོ་ཅན་དང་གོ་ལ་ཧྲིལ་པོའི་གར་སྟེགས་ཐོག་ནས་ཕྱིར་འཐེན་བྱས་སྟབས་གདེང་ཚོད་ཆེ་བའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པ་དང་འབྲེལ་མཉམ་ལས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།
        གླེང་སྟེགས་ཀྱི་བཞེད་དོན་གཏམ་བཤད་གནང་མཁན་གྱི་གྲས་ཤིག་ཡིན་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཕང་གིས་ཀྲུང་གོའི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་གནང་བ་དང་། ཁོང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ནི་སྒོ་དབྱེ་ཡིན་ལ་མཉམ་སྤྱོད་ཀྱང་ཡིན་པར་བརྟེན་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས།
         དབྱིན་ཇིའི་ཅན་ཆའོ་སློབ་ཆེན་ཆབ་སྲིད་དང་རྒྱལ་སྤྱིའི་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་པ་བསླབ་པ་རྒན་གྲས་མ་ཏིང·ཡ་ཁེས་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་རིང་གོ་ལ་ཧྲིལ་པོའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་རྒྱུ་རེད་ཅེས་གསུངས་པ་དང་། ཁོང་གིས་ཡོ་རོབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལོ་རྒྱུས་ཀྱི་གོ་སྐབས་འགངས་ཆེན་དམ་འཛིན་བྱས་ནས་ཉམས་རྒུད་ཀྱི་གནས་ལས་སྒྲོལ་ཏེ་དཔལ་འབྱོར་དར་རྒྱས་ཡོང་བ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
         ཧོ་ལན་ལའེ་ཏུན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱིན་ཇིའི་ལོ་རྒྱུས་རིག་པ་མཁས་ཅན་ལི་ཁྲ་ཏེ·ཀེ་ལི་ཕེ་སིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་མཉམ་ལས་བྱེད་མཁན་ཕྱོགས་ལ་ཐུན་མོང་ཐོག་ཁེ་ཕན་ཐོབ་ཆེད་ཇུས་འགོད་བྱས་པ་ཞིག་ཡིན་པས་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ཁག་ལ་ཕན་པ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།