འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་གཏད་བོད་སྐྱོར་མ་དངུལ་ས་ཁུལ་དབུལ་པོའི་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། 2012ལོ་ནས་2016ལོ་བར། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་2190ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་165.3གཏོང་རྩིས་ཡོད་པ་དང་དངོས་སུ་མ་དངུལ་སྒོར་དུང་ཕྱུར་151.7བཏང་བ་རེད། ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་17གྱིས་བོད་སྐྱོར་རྣམ་གྲངས་530ལྷག་ཙམ་ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་14.13བཏང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བ་བོད་སྐྱོར་གྱི་གཙོ་གནད་དུ་བྱས་ནས་བོད་སྐྱོར་མ་དངུལ་ས་ཁུལ་དབུལ་པོ་དང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད། བོད་སྐྱོར་བྱེད་སྟངས་གསར་གཏོད་བྱ་རྒྱུ་དེ་རིན་དོད་མེད་པའི་རོགས་སྐྱོར་བྱེད་སྟངས་ནས་དཔལ་འབྱོར་མཉམ་ལས་རྒྱ་ཁྱབ་ལ་སྐུལ་འདེད་གཏོང་བའི་བར་བསྒྱུར་བར་བརྟེན། རོགས་སྐྱོར་ཐོབ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཁར་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ནས་2020ལོར་སླེབས་སྐབས་བོད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལ་རོགས་རམ་བྱས་ནས་བདེ་སྡོད་ལས་གྲྭ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གྲོང་ཚོའི་བཀོད་པ་དང་ཁོར་ཡུག་བཅོས་སྐྱོང་། སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིཌ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།