འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆར་ཞོད་ཆེ་བའི་དུས་སུ་སླེབས་ཤིང་དྲག་ཆར་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་གནོད་
    འཚེ་མང་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཆར་ཞོད་ཆེ་བའི་དུས་སུ་སླེབས་ཤིང་དྲག་ཆར་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་གནོད་
འཚེ་མང་པོ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཆབ་མདོའི་ས་ཁུལ་ཁ་ཤས་སུ་ད་ལོའི་ཆར་ཞོད་ཆེ་བའི་དུས་སུ་སླེབས་ཚུན་དྲག་ཆར་ཆེན་པོ་བབས་པ་དང་། ཆར་པ་འབབ་ཡུན་རིང་བ། ཁྱབ་རྒྱ་ཆེ་བ། འབབ་ཤུགས་ཆེ་བ་བཅས་ལས་ངོམ་ཆུ་དང་། འཛི་ཆུ། གཞན་ད་དུང་རྫ་ཆུའི་བཞུར་རྒྱུན་ཡང་རྒྱས་པར་གྱུར་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། གནོད་འཚེ་ཕོག་ཚད་ཆེ་ཁུལ་ནི་འཇོ་མདའ་རྫོང་ཡིན་ཞིང་། རྫོང་ཐོག་ཏུ་རྒྱུ་བའི་འཛི་ཆུའི་ཆུ་རྒྱུན་ཆེས་ཆེར་རྒྱས་པས། རྒྱལ་ལམ་317གྱི་ལམ་དུམ་ཁ་ཤས་ཆུས་འཁྱེར་བ་དང་། སྡོད་ཁང་ཡང་ཉུང་ཤས་ཤིག་རྡིབ་པ་རེད།
          བསྡོམས་རྩིས་བརྒྱབ་མ་ཐག་པའི་མཇུག་འབྲས་ལ་གཞིགས་ན། འཇོ་མདའ་རྫོང་ཡོངས་ཀྱི་ས་གནས་ཁག་ཏུ་རིམ་ཚད་མི་འདྲ་བའི་གནོད་འཚེ་ཕོག་ཡོད་ཅིང་། འཛི་སྒར་ཤང་དང་། ཆུ་གཉིས་མདོ་ཤང་། སྤོ་ལོ་ཤང་བཅས་སུ་ཆུ་རགས་འཁྱེར་བ་དང་། འཇོ་མདའ་གྲོང་རྡལ་དུ་ཆུ་རགས་འཁྱེར་བ་དང་མི་ལམ་ཡང་འཁྱེར་བའི་གནས་ཚུལ་བྱུང་། ཁོངས་གཏོགས་ཀྱི་དཀར་ཐང་གྲོང་ཚོ་དང་མདོ་གྲོང་མདའ་གྲོང་ཚོ་གཉིས་ཀྱི་ཆུ་འགྲམ་སྡོད་ཁང་ཁག་ཏུ་ཆུ་ལོག་རྒྱུགས་ཏེ། སྡོད་ཁང་གི་གྱང་ལ་སེར་ཀ་གས་ཡོད་པ་རེད། བཀོད་སྒྲིག་བྱེད་པ་སྔ་བ་དང་། མི་སྣ་ཁ་འགྲེམ་དུས་ཐོག་ཏུ་ཐུབ་པ། ཉེན་བརྡའི་གནས་ཚུལ་འཕྲལ་མར་བཏང་བ་སོགས་ཀྱི་དབང་གིས། ད་ལྟ། རྫོང་ཡོངས་སུ་མི་སྣ་ཤི་རྨས་བྱུང་མེད་ཅིང་། གནོད་འཚེ་བྱུང་བའི་མང་ཚོགས་ཀྱང་བདེ་བར་འཁོད་ཡོད་པ་རེད། 
           ཆབ་མདོ་གྲོང་ཁྱེར་དྲིལ་སྒྲོག་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཆར་ཞོད་ཀྱི་གནོད་འཚེ་བྱུང་རྗེས། གྲོང་ཁྱེར་ཡོངས་སུ་འཕྲལ་མར་Ⅲརིམ་པའི་འཕྲལ་མའི་ཇུས་འགོད་ལག་ལེན་བསྟར་བ་དང་། རྫོང་(ཆུས)ཁ་ཤས་སུ་Ⅱརིམ་པ་ལག་ལེན་བསྟར་བ། ཁ་རུབ་ཆུས་དང་། འཇོ་མདའ་རྫོང་། རི་བོ་ཆེ་རྫོང་སོགས་སུ་ཆར་ཞོད་ཀྱི་གནས་ཚུལ་ཚབས་ཆེན་ཡིན་ཁུལ་དུ་འཕྲལ་མར་ཏང་སྲིད་དམག་དང་ཉེན་དམངས་བཅས་མཐུན་སྦྱོར་བྱས་ཏེ་གནོད་འཚེ་ཕོག་ཁུལ་གཙོ་གནད་དུ་འབྲུབ་འགོག་མྱུར་སྐྱོབ་དང་། མང་ཚོགས་གནས་སྤོའི་ལས་དོན་བསྒྲུབས་པ་རེད།
    ༄༅།།བོད་ལྗོངས་ཆར་ཞོད་ཆེ་བའི་དུས་སུ་སླེབས་ཤིང་དྲག་ཆར་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་གནོད་
འཚེ་མང་པོ་བྱུང་བ།
    ༄༅།།བོད་ལྗོངས་ཆར་ཞོད་ཆེ་བའི་དུས་སུ་སླེབས་ཤིང་དྲག་ཆར་ཀྱིས་ཆབ་མདོ་གྲོང་ཁྱེར་དུ་གནོད་
འཚེ་མང་པོ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།