འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བའི་རྒྱུད་པའི་ཕུལ་བྱུང་གཞོན་ནུ་ཀྲུང་གོར་སྐྱོད་པའི་
    བྱེད་སྒོ་སྐབས་བཅུ་གཅིག་པ"པེ་ཅིང་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན“འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བའི་རྒྱུད་པའི་ཕུལ་བྱུང་གཞོན་ནུ་ཀྲུང་གོར་སྐྱོད་པའི་བྱེད་སྒོ་སྐབས་བཅུ་གཅིག་པ”པེ་ཅིང་དུ་གཉེར་བ་དང་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         དབྱང་ཅེ་ཁྲེས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཀྲུང་གོའི་རྒྱུད་པའི་གཞོན་ནུར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་བརྩེ་སེམས་ཕ་ཡུལ་ལ་བཅངས་པ་དང་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཚང་མར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱིར་སྡོད་སྤུན་ཟླའི་ནང་ཤེས་ལྡན་མི་སྣ་གྲངས་མེད་ཐོན་པ་དང་མ་གཞི་ཀྲུང་གོ་བའི་རྒྱུད་པའི་ན་གཞོན་སྐྱེས་སའམ་ཡང་ན་འཚར་ས་ཕྱི་རྒྱལ་དུ་ཡིན་ནའང་མི་རིགས་ཀྱི་རྩ་བ་དང་། རིག་གནས་ཀྱི་བླ་སྲོག བསྐྱར་དར་གྱི་ཕུགས་འདུན་བཅས་སྔ་བར་ཕྱི་གསུམ་དུ་ཚང་མ་དང་དམ་དུ་འབྲེལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་བརྩོན་བྱུང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེན་པོ་ཡོད་པ་དང་ཆབས་ཅིག་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞིར་འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཐོབ་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལག་ལེན་གསར་རྐྱང་ལ་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། དེ་དག་ཚང་མས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླར་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་བ་སྦྱིན་ཡོད། ཀྲུང་གོ་བའི་རྒྱུད་པའི་གཞོན་ནུ་ཚོས་ཤེས་བྱ་སྣ་མང་ཤེས་པ་དང་ལྟ་རྒྱ་ཡངས་པ་སོགས་ཀྱི་དམིགས་བསལ་ལེཌ་ཆ་སྤྱད་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཚོགས་མཐུན་སྒྲིལ་དང་རིགས་རྒྱུད་ཀྱི་གཟུཌ་བརྙན་བཟང་པོ་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཏེ་ལང་ཚོའི་གཟི་བྱིན་རབ་ཏུ་རྒྱས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         “ཀྲུང་གོར་སྐྱོད་པའི”བྱེད་སྒོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་ཀྲུང་གོའི་ཕྱི་རྒྱལ་སྤེལ་རེས་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།