འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་དུ"མཛེས་སྡུག་ལྡན་པའི་ཀྲུང་གོ"ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཝེ་ཐེ་ནམ་རྒྱལ་ཁབ་ཡུལ་སྐོར་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ་གཉེར་བའི“མཛེས་སྡུག་ལྡན་པའི་ཀྲུང་གོ”ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཉིན་ཤས་གོང་ཧུའུ་ཀྲི་མིང་གྲོང་ཁྱེར་དུ་འཚོགས་པ་དང་དེའི་དམིགས་ཡུལ་ནི་འདི་ལོའི“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་ཡུལ་སྐོར་ལོ”འགོ་ཚུགས་པའི་མཚམས་དེར་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
         ཧུའུ་ཀྲི་མིང་གྲོང་ཁྱེར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཚབ་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲོའུ་ཐུང་གིས་མིག་སྔར་ཀྲུང་གོ་ནི་ཝེ་ཐེ་ནམ་གྱི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོ་དེ་ཡིན་ལ། ཝེ་ཐེ་ནམ་ནི་ཀྲུང་གོའི་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོ་དེའང་ཡིན། 2016ལོར་ཝེ་ཐེ་ནམ་གྱིས་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་269.7ལ་སྣེ་ལེན་ཞུས་པ་དེས་ཝེ་ཐེ་ནམ་དུ་ཡོང་མཁན་རྒྱལ་སྤྱིའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་1/5ཡན་ཟིན་ཡོད། འདི་ལོའི་ལོ་སྟོད་དུ་ཀྲུང་གོའི་སྐམ་ས་ཆེ་མོ་ནས་ཝེ་ཐེ་ནམ་དུ་འགྲོ་མཁན་ཡུལ་སྐོར་བའི་བསྡོམས་འབོར་མི་ཐེངས་ཁྲི་188.7ཟིན་ནས་ཀྲུང་གོས་ཝེ་ཐེ་ནམ་དུ་འགྲོ་མཁན་ཡུལ་སྐོར་བ་མང་ཤོས་རྒྱལ་ཁབ་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། དེ་དང་དུས་མཚུངས་ཝེ་ཐེ་ནམ་ཡང་ཀྲུང་གོར་ཡོང་མཁན་ཡུལ་སྐོར་བ་མང་ཤོས་རྒྱལ་ཁབ་བཅུའི་གྲས་ཡིན། 2016ལོར་ཀྲུང་གོར་ཡོང་མཁན་ཝེ་ཐེ་ནམ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་317ཟིན་ནས་50%ཙམ་འཕར་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།