འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་སྟོད་ལ་ལས་ཐོག་ཉེས་གསོག་མཁན་རྩད་ཞིབ་ཐག་
    གཅོད་བྱས་གྲངས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་གཉིས་ལ་ཉེ་བ་འཕར་བ།

    དབུལ་སྐྱོར་ཁྱབ་ཁོངས་སུ་རྩད་ཞིབ་ཐག་གཅོད་བྱས་གྲངས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་བརྒྱད་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་གསལ། ད་ལོ་ནས་བཟུང་ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གིས་རུལ་སུངས་ལ་ཁྲིམས་ཆད་གཅོད་ཤུགས་ཆུང་དུ་གཏན་ནས་མི་གཏོང་བ་དང་། བཟོད་སྒོམ་བྱེད་ཐབས་མེད་པའི་སྤྱོད་ཚུལ་གཏན་ནས་མི་སྒྱུར་བ་རྒྱུན་འཁྱོངས་བྱས་ནས་ལས་ཐོག་ཉེས་གསོག་རྩད་ཞིབ་ཐག་གཅོད་དང་སྔོན་འགོག་གི་ལས་ཀ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཚོད་ལྟ་ལ་གཞོགས་འདེགས་བྱེད་པར་ཐོག་མའི་གྲུབ་འབྲས་ཐོབ་པ་རེད།
         ད་ལོའི་ལོ་སྟོད་ཀྱི་ཟླ་བ་6གི་རིང་ལ། པེ་ཅིང་དང་། ཧྲན་ཞི། ཀྲེ་ཅང་བཅས་ཚོད་ལྟ་ས་ཁུལ་3ཕུད། ཞིང་ཆེན་གཞན་དག་གིས་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་དང་། འགན་འཛོལ་དབང་གནོད་སོགས་ཀྱི་ལས་ཐོག་ཉེས་གསོག་བྱེད་མཁན་མི་30538ཡི་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་19.6%འཕར་བ་རེད། དེའི་ཁྲོད་དུ་རྫོང་ངམ་ཁྲུའུ་རིམ་པའི་ལས་བྱེད་པ་ཟུར་པ་1505དང་། ཐིང་ངམ་ཅུས་རིམ་པའི་ལས་བྱེད་པ་ཟུར་པ་224ཡོད་ཅིང་། ཞིང་ཆེན་ནམ་པུའུ་རིམ་པའི་ལས་བྱེད་པ་ཟུར་པ་12ལ་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ཞིང་ཆེན་ནམ་པུའུ་རིམ་པའི་ལས་བྱེད་པ་ཟུར་པ་4ལ་གཞུང་ཕྱོགས་ནས་ཁྲིམས་སྦྱོར་ཞུས་པ་རེད།
         གཞན་ཡང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་དང་སྔོན་འགོག་བྱེད་ཤུགས་ཆེར་གཏོང་ཆེད་དམིགས་ལས་ཀར་སྐུལ་སྤེལ་ཏན་ཏིག་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་སུ་ལས་ཐོག་ཉེས་གསོག་བྱེད་མཁན་མི་1650རྩད་ཞིབ་ཐག་གཅོད་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་81.7%འཕར་བ་རེད། ལས་ཐོག་ཉེས་གསོག་བྱེད་མཁན་རྒྱལ་སྤྱིའི་ཐོག་བྲོས་སྙེག་དང་ཁྲིམས་འགལ་དངུལ་སྙེག་ལེན་ཆེད་དམིགས་ལས་ཀ་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་39ནས་ཕྱིར་བྲོས་ལས་ཐོག་ཉེས་གསོག་དོགས་ཡོད་ཉེས་ཅན་174ཕྱིར་བསྐྱལ་བ་དང་ཁ་ཏ་བསླབ་བྱ་བྱས་ནས་ཕྱིར་ལོག་ཅིང་། དེའི་ཁྲོད་དུ“འཚོལ་འཛིན་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ”ཡི་མི་སྣ་28ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།