འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོའི་དམག་དཔུང་གིས་ཅི་པོའུ་ཐིར་འགན་ལེན་རྟེན་
    གཞི་བསྐྲུན་རྒྱུའི་བསམ་གཞིག་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོའི་དམག་དཔུང་གིས་ཅི་པོའུ་ཐིར་འགན་ལེན་རྟེན་གཞི་བསྐྲུན་རྒྱུའི་བསམ་གཞིག་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འགན་ལེན་རྟེན་གཞི་བཙུགས་པ་དང་དཔུང་སྡེ་རྡོག་ཐོན་མཛད་སྒོ་ཚེས་11ཉིན་ཀོང་ཏུང་ཀྲན་ཅང་གི་དམག་དོན་གྲུ་ཁ་ཞིག་ཏུ་གཉེར་བ་རེད།
         ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་། ཀྲུང་གོས་2008ལོ་ནས་བཟུང་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཡ་ཏིང་མཚོ་ཁུག་དང་སོ་མ་ལི་མཚོ་ཁོངས་སུ་མངགས་ཏེ་སྲུང་སྐྱེལ་བྱ་སྤྱོད་སྤེལ་ཡོད། མཚོ་འགྲུལ་སྲུང་སྐྱེལ་དཔུང་རུས་ལས་འགན་སྒྲུབ་པའི་བརྒྱུད་རིམ་ནང་དཔོན་དམག་གི་ངལ་གསོ་དང་ཟས་རིགས་དང་སྣུམ་མཁོ་སྤྲོད་བྱེད་པའི་ཐད་དཀའ་ངལ་དངོས་མང་པོ་འཕྲད་སྐབས་ཅི་པོའུ་ཐིས་ཀྲུང་གོའི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུར་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཐེངས་མང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཀེང་ཧྲོང་གིས་ཀྲུང་གོའི་དམག་དཔུང་ནས་ཅི་པོའུ་ཐིར་འགན་ལེན་རྟེན་གཞི་འཛུགས་པ་ནི་ཀྲུང་ཅིའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མཛའ་མཐུན་ངང་གྲོས་བསྡུར་བྱས་ནས་ཐག་བཅད་པ་ཞིག་རེད། རྟེན་གཞི་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་ཀྲུང་གོ་ཕྱོགས་ཀྱིས་ཡ་ཏིང་མཚོ་ཁུག་དང་སོ་མ་ལི་མཚོ་ཁོངས་ཀྱི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་དང་དེ་བཞིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་རྒྱལ་སྤྱིའི་འོས་འགན་དེ་བས་ལེགས་པའི་སྒོ་ནས་བསྒྲུབ་རྒྱུར་ཕན་པ་ཡོད་ལ། ཅི་པོའུ་ཐིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུར་ཕན་པའང་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།