འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་ལོ་རྒྱུས་གོ་སྐབས་སྟངས་འཛིན་བྱས་ནས་སི་རི་ལན་ཁའི་
    དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    —— སི་རི་ལན་ཁའི་གྲོས་དཔོན་ཁ་ལུའུ་ཅ་ཡ་སུའུ་ལི་ཡར་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་སི་རི་ལན་ཁ་ཧུར་ཐག་ཞུགས་ཏེ་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་འདིར་དམ་འཛིན་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འདོད་འདུན་སྦྲེལ་མཐུད་ཏན་ཏིག་ཡོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་བྱས་ཏེ་གཉིས་ཁེ་གཉིས་ཕན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཡོང་བའི་རེ་བ་ཡོད”ཅེས་སི་རི་ལན་ཁའི་གྲོས་ཚོགས་ཀྱི་གྲོས་དཔོན་ཁ་ལུའུ་·ཅ་ཡ་སུའུ་ལི་ཡས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་།
         ཅ་ཡ་སུའུ་ལི་ཡ་ཡིས་སི་རི་ལན་ཁ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་སྔར་བས་ཟབ་ཏུ་བཏང་སྟེ་སི་རི་ལན་ཁའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་འགྲོ་ལམ་གཏོད་པ་དང་སི་རི་ལན་ཁའི་རྒྱ་ཆེའི་དམངས་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
         ཀྲུང་གོ་དང་སི་རི་ལན་ཁའི་དབར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ལ་རིམ་གྱིས་སྐུལ་འདེད་ཐེབས་པ་བརྒྱུད། ཀྲུང་གོས་སི་རི་ལན་ཁར་མ་རྩ་འཇོག་ཚད་གང་མྱུར་མང་དུ་ཕྱིན་ཡོད། ཁོ་ལོན་པོ་གྲུ་ཁའི་གྲོང་ཁྱེར་ནི་ད་བར་སི་རི་ལན་ཁར་ཕྱི་རྒྱལ་གྱིས་ཐད་ཀར་མ་རྩ་བཞག་པའི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་པ་དང་། དུས་ཐེངས་དང་པོར་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་14གཏོང་རྒྱུ་ཡིན་པ་དེས་དུས་ཐེངས་གཉིས་པའི་ཕྱོགས་བསྡུས་གསར་སྤེལ་ལ་མ་དངུལ་ཨ་སྒོར་དུང་ཕྱུར་130འཇོག་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་ཀྱང་ཁྲི་8.3ཐོབ་རྒྱུ་རེད། སི་རི་ལན་ཁ་སྲིད་གཞུང་གིས་དེ་སྔ་གྲུ་ཁའི་གྲོང་ཁྱེར་གྱི་རྣམ་གྲངས་དེས་སི་རི་ལན་ཁའི་རྒྱལ་ཁབ་ཀྱི་གནས་བབ་མཐོ་རུ་ཕྱིན་ནས་སི་རི་ལན་ཁ་ཨེ་ཤེ་ཡ་ལྷོ་མའི་ཁུལ་གྱི་སྔོན་ཐོན་རྒྱལ་ཁབ་ཏུ་འགྱུར་སྲིད་ཅེས་རྗོད་མྱོང་ཡོད།
         ཅ་ཡ་སུའུ་ལི་ཡས་ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་སོགས་ཚུད་པའི་དངུལ་རྩའི་སྒྲིག་གཞིས་སི་རི་ལན་ཁར་དངུལ་བུན་འབོར་ཆེན་གཏོང་བ་དང་མ་རྩ་བཞག་ནས་ཁོ་ལོན་པོ་གྲུ་ཁའི་གྲོང་ཁྱེར་དང་། ཕུའུ་ཐེ་ལ་མུའུ་རྡོ་སོལ་གློག་ཁང་། ཧན་པན་ཐོའུ་ཐ་གྲུ་ཁ་སོགས་རྣམ་གྲངས་ཚུད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེ་གྲས་རབ་དང་རིམ་པ་བྱས་པས། སི་རི་ལན་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དམག་འཁྲུག་རྗེས་ཀྱི་སི་རི་ལན་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ནས་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཅེས་བརྗོད།
        སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་མཉམ་ལས་ལ་ཅ་ཡ་སུའུ་ལི་ཡར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། ཁོང་གིས་སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ཕན་ཚུན་རྒྱབ་སྐྱོར་དང་བརྩི་འཇོག་བྱས་ནས་སྐྱིད་སྡུག་མཉམ་མྱོང་གི་རོགས་ཟླ་ཡག་པོ་ཞིག་ཡིན་པ་མ་ཟད། འབྲེལ་བ་ཟབ་མོ་འདི་རིགས་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་འགྲོ་ལམ་འོད་ཟེར་ལྡན་ལ་ཤར་བགྲོད་ཐུབ་པ་ཞིག་རེད་ཅེས་ནན་བཤད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།