འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་མཉམ་འབྲེལ་ནང་སྦྱོང་ལ་ཞུགས་པའི་ཀྲུང་གོའི་མཚོ་དམག་དཔུང་རུས་ས་དབུས་
    རྒྱ་མཚོར་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ཨུ་རུ་སུའི་མཉམ་འབྲེལ་ནང་སྦྱོང་ལ་ཞུགས་པའི་ཀྲུང་གོའི་མཚོ་དམག་དཔུང་རུས་ས་དབུས་རྒྱ་མཚོའི་མཚོ་ཁོངས་ཤིག་བརྒྱུད་སྐབས་མཚོ་འགྲུལ་དུས་ཚོད་གང་ལེགས་སྤྱད་དེ་རམ་འདེགས་མེ་སྒྱོགས་མཚོར་འཕེན་པ་དང་། མཚོན་ཆ་ཡང་རིགས་འཕེན་པ། ཐད་འཕུར་གནམ་གྲུས་སྐོར་གཡེང་ཉེན་ཟོན་སོགས་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་སྒྲིག་འཛུགས་བྱས་ནས་དཔོན་དམག་གི་འཐབ་འཛིང་རྩལ་ནུས་དང་སྐབས་བསྟུན་མཉམ་འབྲེལ་ནང་སྦྱོང་བྱེད་ནུས་ཆེ་རུ་བཏང་བ་རེད།
         ད་ཐེངས་ཀྱི་སྦྱོང་བརྡར་ལ་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཧོ་ཧྥེ་རྟགས་ཅན་གྱི་དམག་གྲུ་དང་། འཕུར་མདེལ་སྲུང་སྐྱེལ་དམག་གྲུ་ཡུན་ཁྲེང་རྟགས་ཅན་གྱི་དམག་གྲུ། ཕྱོགས་བསྡུས་ཁ་གསབ་དམག་གྲུ་ལུའོ་མ་ཧུའུ་རྟགས་ཅན་གྱི་དམག་གྲུ་བཅས་ཞུགས་ཡོད།
         ཀྲའོ་ཡན་ཆོན་གྱིས་ད་ཐེངས་རམ་འདེགས་མེ་སྒྱོགས་འཕེན་པའི་ནང་ཐག་ཉེ་ས་ནས་མཚོ་ངོས་ཀྱི་དམིགས་ས་ཆུང་ངུར་གནད་སྨིན་འཕེན་རྒྱུ་ཆེད་མངགས་ནང་སྦྱོང་བྱས་ཡོད། རམ་འདེགས་མེ་སྒྱོགས་ཀྱིས་མཚོ་ངོས་ཀྱི་དམིགས་ས་ཆུང་ངུར་འཕེན་སྐབས་ལྟ་ཞིབ་ཡོ་ཆས་ཀྱིས་ལྟ་ཞིབ་ཡག་པོ་མི་ཐུབ་པ་དང་དམག་གྲུ་ཡོམ་པའི་དབང་གིས་མེ་སྒྱོགས་འཕེན་པའི་དུས་ཚོད་སྟངས་འཛིན་ཡག་པོ་མི་ཐུབ་པར་བརྟེན་ད་ཐེངས་ཀྱི་ནང་སྦྱོང་ནི་དཔོན་དམག་ཚོའི་གཞོགས་འདེགས་ཀྱི་འདུ་ཤེས་དང་། གཞི་རྩའི་འཐབ་འཛིང་རྩལ་ནུས། འཕེན་གཏོང་བཀོད་འདོམས་པའི་བཀོད་འདོམས་ཆུ་ཚད། འཕྲལ་སྡོམ་ཐག་གཅོད་ནུས་པ་བཅས་ལ་ཚོད་བགམ་ཆུང་ཆུང་ཞིག་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         ནང་སྦྱོང་མཇུག་འགྲིལ་རྗེས་དཔུང་རུས་བསྐྱར་དུ་གཞུང་རུ་བསྒྲིགས་ནས་ཀྲུང་ཨུའི་མཚོ་ཐོག་མཉམ་སྦྲེལ་ནང་སྦྱོང་གི་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་འགྲུལ་བཞུད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།