འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།BPཚོགས་པའི་ནུས་རྒྱུའི་ལོ་རིམ་མེ་ལོང་དུ་ཀྲུང་གོ་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་
    རྒྱུ་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་ཅེས་འཁོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ནུས་རྒྱུའི་སྒེར་སྡེམ་པ་ཆེན་པོ་BPཚོགས་པས་ཧྲང་ཧའེ་རུ་ཁྱབ་བསྒྲགས་གསར་ཤོས་བྱས་པའི་《BPའཛམ་གླིང་ནུས་རྒྱུའི་བསྡོམས་རྩིས་ལོ་རིམ་མེ་ལོང་》ལས་མངོན་དོན། 2016ལོར་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་ནས་གློག་གཏོང་ཚད་(ཆུ་གློག་ཚུད་མེད་)དུས་མཚུངས་ལས་14.1%འཕར་ནས་སྣུམ་རན་ཚད་ཏུན་ཁྲི་5300མང་དུ་ཕྱིན་པ་དེ་ནི་ཟིན་ཐོ་བཀོད་ཚུན་གྱི་འཕར་ཚད་ཆེ་ཤོས་ཡིན་པ་རེད། དེའི་ནང་ཀྲུང་གོ་ཨ་རི་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད།
         གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཟད་གྲོན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་གོ་ལ་ཧྲིལ་པོའི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་སྐུལ་འདེད་བྱེད་མཁན་གཙོ་བོར་གྱུར་ཡོད། 2016ལོའི་ལོ་མཇུག་བར་ཀྲུང་གོའི་རླུང་གློག་གིས་རིམ་རྩིས་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་དང་ཉི་ནུས་ནས་རིམ་རྩིས་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
         BPཚོགས་པའི་དབུ་བཞུགས་དཔལ་འབྱོར་མཁས་ཅན་ཏའེ་སི་ཕན་གྱིས་ཀྲུང་གོས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད། 2016ལོར་ཀྲུང་གོས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་འགྲོ་བར་ཞབས་འདེགས་40%ཞུས་པ་དེ་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་འཕར་ཚད་ཡོངས་ལས་བརྒལ་ཡོད་ཅེས་བཤད།
         BPཡི་བསྡོམས་རྩིས་བྱས་པའི་ལོ་རིམ་མེ་ལོང་དུ་ད་དུང་མངོན་དོན། ཀྲུང་གོ་འཛམ་གླིང་གི་ཆུ་གློག་དང་ཉིང་རྡུལ་གྱི་ནུས་པ་ཆེ་རུ་འགྲོ་ཁུངས་གཙོ་བོར་གྱུར་ཡོད། 2016ལོར་གོ་ལ་ཧྲིལ་པོའི་ཆུ་གློག་ཐོན་ཚད་དུས་མཚུངས་ལས་2.8%འཕར་བ་དེ་སྣུམ་རན་ཚད་ཏུན་ཁྲི་2710དང་འདྲ་བ་དང་དེའི་ཁྲོད་ཀྲུང་གོའི་ལེགས་སྐྱེས་འབུལ་ཚད་40%ལས་བརྒལ་ཡོད། ཉིང་རྡུལ་ནུས་པའི་ཁྱབ་ཁོངས་སུ་2016ལོར་གོ་ལ་ཧྲིལ་པོའི་ཉིང་རྡུལ་ནུས་པའི་ཐོན་ཚད་དུས་མཚུངས་ལས་1.3%འཕར་ནས་སྣུམ་རན་ཚད་ཏུན་ཁྲི་930མང་དུ་ཕྱིན་ཡོད། ཀྲུང་གོའི་ཉིང་རྡུལ་ནུས་པའི་ཐོན་ཚད་ཀྱི་འཕར་ཚད་24.5%ཟིན་ནས་འཕར་ཚད་སྣུམ་རན་ཚད་ཏུན་ཁྲི་960ཟིན་པ་དེ་གོ་ལ་ཧྲིལ་པོའི་ཉིང་རྡུལ་ནུས་པ་ཐོན་སྐྱེད་ཀྱི་འཕར་ཚད་དངོས་ཚང་མ་ཀྲུང་གོ་ནས་ཡིན་པ་དང་ཧ་ལམ་འདྲ་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།