འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་བརྟན་པོའི་ངང་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། མཚོ་བཀག་ཉ་གསོ་དང་། ཉ་ལྐོག་ཏུ་འཛིན་རྒྱུར་རྡུང་རྡེག་གཏོང་བ། མི་ཐབས་ལ་བརྟེན་ནས་ཉ་ཕྲུག་གསོ་བ་དང་གློད་པ་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ད་ཕན་ལོ་ཤས་རིང་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གྲངས་འབོར་ཏུན་ཁྲི་7.08བར་འཕར་ཡོད།
         ཉེ་ཆར་གསར་འགོད་པས་མཚོ་སྔོན་པོའི་ཆུ་བོ་གཙོ་བོ་སྟེ་གཡུ་དཀར་འོམ་ལུང་གཙང་པོ་ནས་གསེར་ཉ་ཁྱུ་ཚོགས་བསྒྲིགས་ཏེ་ཆུ་བོའི་གྱེན་འདེད་ནས་ཚྭ་མེད་ཆུ་ཁོངས་སུ་སྒོ་ང་གཏོང་བར་འགྲོ་བ་མཐོང་བྱུང་། ལོ་མང་སོང་རྗེས“ཆུ་ཕྱེད་ཀ་དང་ཉ་ཕྱེད་ཀའི”རྣམ་པ་སླར་ཡང་ཐོན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེར་ལྟ་བར་ཡོང་ཡོད།
         གསེར་ཉར་སྲུང་སྐྱོབ་བྱ་ཆེད། 2000ལོ་ནས་ད་བར་མཚོ་སྔོན་པོར་བསྟུད་མར་ལོ་17མཚོ་བཀག་ཉ་གསོ་བྱས་ནས་མི་སུ་ཞིག་ཡིན་རུང་ཉ་འཛིན་དུ་བཅུག་མེད་པ་དང་དུས་མཚུངས་འབྲེལ་ཡོད་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཉ་ལྐོག་ཏུ་འཛིན་མཁན་ལ་རྡུག་རྡེག་ཚ་ནན་བཏང་ཡོད། གཞན་ཡང་མཚོ་སྔོན་གྱིས་ད་དུང་སྒོར་ཁྲི་1000ལྷག་ཙམ་བཏང་ནས་གཡུ་དཀར་འོམ་ལུང་ཆུ་དང་ཁྱོན་རྒྱས་ཆུ་གཉིས་ལ་དེ་སྔའི་ཆུ་རགས་དེ་རིམ་པ་མང་བའི་ཨོར་པ་ཡོད་པའི་རྡོ་སྐས་ལ་བརྗེས་ནས་ཙོང་ཉར་སྟབས་བདེ་སྦྱིན་ཡོད།
         མཚོ་སྔོན་པོའི་ཉ་ལི་ཡུས་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་པ་ཧྲེ་ཅན་གོས་ངོ་སྤྲོད་བྱས་པར། 2002ལོ་ནས་བཟུང་། མཚོ་སྔོན་གྱིས་ཙོང་ཉར་མི་ཐབས་ལ་བརྟེན་ནས་ཐིག་ལེ་སྦྱོར་བ་སོགས་ཀྱི་སྐྱེ་འཕེལ་ལག་རྩལ་གྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་མཚོ་སྔོན་པོར་ཉ་སོན་དུང་ཕྱུར་1ལྷག་ཙམ་གློད་པ་དང་གསོན་ཚད་85%ཟིན་པའི་ནང་གསེར་ཉའི་གྲངས་འབོར་ཏུན་ཁྲི་7.08བར་སླར་གསོ་བྱུང་བ་དེ་2002ལོའི་ལྡབ་27ལྷག་ཙམ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།