འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.89བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱས་སྤོས་
    རྩྭ་གསོའི་འདུ་འགོད་ལ་རྒྱབ་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས་པུའུ་ཡིས་2017ལོའི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་བསྐྲུན་རྒྱུའི་ལས་འགན་སྤྲད་པས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ཀྱི་མ་དངུལ་སྒོར་ཁྲི་38852བརྩོན་ལེན་ཐུབ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མ་དངུལ་བཏང་ནས་ལྕགས་དྲ་སྤྱི་ཆིང་ཁྲི་70འཛུགས་རྒྱུ་དང་། རྩྭ་ར་གཞན་འགྱུར་སྤྱི་ཆིང་ཁྲི་0.67ལེགས་བཅོས་བྱ་རྒྱུ། ལོ་མང་སྐྱེས་པའི་མི་ཐབས་ལ་བརྟེན་པའི་གཟན་རྩྭ་འདེབས་ས་སྤྱི་ཆིང་ཁྲི་0.33ཟིན་པ་བྱ་རྒྱུ། ས་ནག་གྲམ་ཐང་སྤྱི་ཆིང་ཁྲི་0.67བཅོས་སྐྱོང་བྱ་རྒྱུ། དུག་ལྡན་རྩྭ་མུའུ་ཁྲི་0.67བཅོས་སྐྱོང་བྱ་རྒྱུ། སྡོམ་གསོས་ལྷས་རྭ་3000ཟིན་པ་བྱ་རྒྱུ་རེད། ཟླ་6པའི་ཟླ་སྟོད་དུ་ལས་གྲྭ་སྐྲུན་པའི་ལས་འགན་དང་དེ་བཞིན་མ་འཇོག་འཆར་གཞི་རྣམ་གྲངས་རྫོང་(གྲོང་ཁྱེར་དང་རྭ་བ་)ལ་ཁག་བགོས་གཤམ་སྤྲོད་བྱས་ཡོད།
         སྐྱས་སྤོས་རྩྭ་གསོའི་འདུ་འགོད་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་ཆེད། འདི་ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ལས་གྲྭ་ལག་བསྟར་ཁྱབ་ཁོངས་སླར་ཡང་ཚད་བཀག་མི་བཟོ་བར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་སོ་སོས་འདུ་འགོད་ཀྱི་འཆར་གཞི་གཞིར་བཟུང་རང་རང་སོ་སོས་གཏན་འཁེལ་བྱ་དགོས། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ཀྱི་བྱ་དགའི་སྲིད་ཇུས་ལག་བསྟར་གྱི་ཁྱབ་ཁོངས་དང་ཕན་ཚུན་གཅིག་གྱུར་ཡོང་ཆེད། རང་རེའི་ཞིང་ཆེན་གྱིས་ཟི་ལིང་གི་རྫོང་3དང་། མཚོ་ཤར་གྱི་རྫོང་6 མཚོ་ནུབ་ཀྱི་སྲིད་འཛིན་ཨུ་ལྷན་3བཅས་འདུ་འགོད་ལག་བསྟར་གྱི་ཁྱབ་ཁོངས་ནང་བཅུག་སྟེ་ཞིང་ཆེན་དེ་ཡོངས་ཀྱིས་རྫོང་(གྲོང་ཁྱེར་)41དང་འབྲོག་རྭ་6ལ་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་བཀོད་སྒྲིག་བྱས་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་འབྲོག་ལས་ཁུལ་གྱི་རྩྭ་ཐང་སྣོད་བཅུད་མ་ལག་གི་བྱེད་ནུས་སླར་གསོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། མིག་སྔར་ས་ཁུལ་ཁག་གིས་ལག་བསྟར་ཇུས་གཞི་དང་ལས་སྒྲུབ་འཆར་གཞི་དུས་ཚོད་དམ་འཛིན་གྱི་སྒོ་ནས་བཟོ་བཞིན་ཡོད་པ་དང་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།