འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་བོའི་དར་གོས་ལམ་བུ་མཚོ་སྔོན་བགྲོད་ལམ་ནས་ལོ་ངོ་སྟོང་ལྷག་ཙམ་སོང་བའི་བམ་
    རོ་སྐམ་པོ་ཞིག་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནའ་བོའི་དར་གོས་ལམ་བུ་མཚོ་སྔོན་བགྲོད་ལམ་ནས་ལོ་ངོ་སྟོང་ལྷག་ཙམ་སོང་བའི་བམ་
རོ་སྐམ་པོ་ཞིག་རྙེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཚྭ་འདམ་གཤོངས་སའི་ནུབ་རྒྱུད་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་རྡལ་ནས་གནའ་རྫས་རྟོག་ཞིབ་མི་སྣར་ད་བར་ལོ་1700ཙམ་སོང་བའི་ཉར་ཚགས་ལེགས་པའི་བམ་རོ་སྐམ་པོ་ཞིག་རྙེད་པ་རེད། རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བམ་རོ་སྐམ་པོ་དེ་གནའ་བོའི་དར་གོས་ལམ་བུ་མཚོ་སྔོན་བགྲོད་ལམ་ནས་རྙེད་པ་དང་དེ་ནི་མཚོ་བོད་ས་མཐོའི་ཐོག་ད་བར་རྙེད་པའི་ཉར་ཚགས་ལེགས་ཤོས་དང་ལོ་ཚད་རིང་ཤོས་ཀྱི་བམ་རོ་སྐམ་པོ་ཞིག་ཡིན་པ་རེད།
         མཚོ་ནུབ་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཤིན་ཧྥུང་གིས་བམ་རོ་སྐམ་པོ་དེ་ནི་ཡུལ་དེ་གའི་ཨར་ལས་བྱ་ཡུལ་ནས་རྙེད་པ་དང་ས་འོག་ནས་སྔོག་སྐབས་གྱོན་གོས་གང་ཡང་གཡོགས་མེད་པ་དང་དེ་ནི་གཟུགས་པོའི་རིང་ཚད་ལ་སྨི་1.62ཡོད་པའི་སྐྱེས་པ་ཞིག་ཡིན་པ་དང་གྲོངས་དུས་ལོ་40ཡས་མས་ཡིན་བཟོ་འདུག དེའི་ལག་པ་གཉིས་གྲོད་ཁོག་ཐོག་བཞག་ཡོད་པ་དང་རྣམ་འགྱུར་བག་བྲོ་བ་དང་། ལུས་པོ་ཡོངས་ཀྱི་པགས་པ་སྐམ་ཡོད་རུང་ཆ་ཚང་བ། ངོ་དབྱིབས་གསལ་བ། ཉེ་སར་བཅར་ནས་ལྟ་དུས་ཁ་སྤུ་དང་མགོ་སྐྲ་སོགས་མཐོང་ཐུབ་ཀྱི་ཡོད། མིག་སྔར་བམ་རོ་སྐམ་པོ་དེའི་རིགས་རྒྱུད་དང་ཐོབ་ཐང་ཚིག་ཐག་བཅད་ནས་གཏན་འཁེལ་ཐུབ་མེད་པ་དང་། འབྲེལ་ཡོད་DNAཡི་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།