འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡའི"ཀྲུང་གོའི་ཚོང་དོན་གཟའ་འཁོར"བྱེད་སྒོས་རྒྱལ་ཁབ་གཉིས་པོའི་ཁེ་ལས་
    དབར་ལ"འབྲེལ་ཟམ"བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྐབས་གསུམ་པའི་ཁེན་ནི་ཡའི“ཀྲུང་གོའི་ཚོང་དོན་གཟའ་འཁོར”བྱེད་སྒོ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་སྤེལ་འགོ་ཚུགས་ཤིང་། ད་རེས་ཀྱི་དུས་ཡུན་ཉིན་གསུམ་གྱི་ཚོང་དོན་གཟའ་འཁོར་བྱེད་སྒོར་ཀྲུང་གོའི་ཁེ་ལས་450ཡིས་ཐོན་རྫས་གསར་པ་དང་སྤུས་ལེགས་ཁུར་ནས་ས་གནས་དེ་གའི་ཚོང་གཉེར་གོ་སྐབས་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         བྱེད་སྒོ་གཙོ་གཉེར་ཕྱོགས་ཡིན་པའི་དབུས་ཤར་ས་རྒྱུད་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་པའི་སྤྱི་ཁྱབ་ཝང་ཧའེ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཅང་སུའུ་དང་། ཀྲེ་ཅང་། ཧྥུའུ་ཅན་སོགས་ས་གནས་ཀྱི་ཚོང་དོན་ཐིང་དང་ཚོང་དོན་ཡར་སྐུལ་ལྷན་ཚོགས་ཀྱིས་སྐུ་ཚབ་ཚོགས་པ་འགྲེམས་སྟོན་ནང་ཞུགས་པར་མངགས་ཤིང་། ཐོན་རྫས་ཀྱི་གྲས་སུ་འཕྲུལ་ཆས་བཟོ་སྐྲུན་དང་། ཨར་ལས་རྒྱུ་ཆ། གློག་ཤུགས་གློག་སྒྲོན་དང་ནུས་རྒྱུ། གློག་རྡུལ་འཛད་རྫས། ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ། སྨན་བཅོས་བདེ་སྲུང་སོགས་ལས་རིགས་ཀྱི་ཐོན་རྫས་ཡོད་པ་རེད།
         ད་རེས་ཀྱི་ཉོ་ཚོང་གཟའ་འཁོར་བྱེད་སྒོའི་བཀྲག་མདངས་འཚེར་ས་ཆེ་ཤོས་གཞན་ཞིག་ནི། ཚད་གཞི་མཐོ་བའི་ཞིབ་བསྡུར་ཚོགས་འདུ་ཐེངས་ཉི་ཤུ་ལྷག་ཙམ་འཚོགས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གསལ་འགྲེལ་བྱ་རྒྱུ་ནས་ཁེན་ནི་ཡར་མ་འཇོག་ཕྱོགས་སྟོན་བྱ་རྒྱུ་བར་གྱི་བྱ་བ་མང་དག་བསྒྲུབས་པ་ལས་ཀྲུང་ཁེན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕན་ཚུན་ཤེས་རྟོགས་དང་། འབྲེལ་མཐུད། མཉམ་ལས་བཅས་བྱ་རྒྱུར་གོ་སྐབས་ཆེན་པོ་ཞིག་ཐོབ་ལ་ལས་སྟེགས་གལ་ཆེན་ཞིག་ཀྱང་ཐོབ་པ་དེ་རེད།
         གཞན་ཡང་ཀྲུང་གོའི་འཛུགས་སྐྲུན་དང་གློག་སྒྲོན་ཐོན་རྫས་ཁེན་ནི་ཡར་མཁོ་ཤིན་ཏུ་ཆེ་བར་དམིགས་ཏེ་འདི་ལོ“ཀྲུང་གོའི་ཨར་ལས་རྒྱུ་ཆ་འགྲེམས་སྟོན”དང“ཀྲུང་གོའི་གློག་སྒྲོན་འགྲེམས་སྟོན”བཀོད་སྒྲིག་ཐོག་མར་བྱས་པའི་ཐོག་ནས་ཁེན་ནི་ཡའི“ཀྲུང་གོའི་ཉོ་ཚོང་གཟའ་འཁོར”བྱེད་སྒོ་དེ“ཕྱོགས་བསྡུས་ཉོ་ཚོང་འགྲེམས་སྟོན”ནས“ཆེད་ལས་ལས་རིགས་འགྲེམས་སྟོན”ཕྱོགས་སུ་འཕེལ་རྒྱས་བྱུང་བ་མཚོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།