འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཁོ་ཐི་ཏི་ཝོར་གྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་
    ནས་གློག་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཁོ་ཐི་ཏི་ཝོར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་སྟེ། སུའུ་པུའུ་ལའེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་དངོས་སུ་གློག་གཏོང་བའི་མཛད་སྒོ་ཁོ་ཐི་ཏི་ཝོར་གྱི་ནུབ་རྒྱུད་གྲོང་ཁྱེར་སུའུ་པུའུ་ལའེ་རུ་གཉེར་བ་རེད།
         ཁོ་ཐི་ཏི་ཝོར་གྱི་ཙུང་ལི་ཨ་མཱ་ཏུའུ·ཀོ་ཨན·ཁུའུ་ལི་པ་ལིས་མཛད་སྒོའི་ཐོག་དུས་ཡུན་རིང་པོའི་ནང་། ཁོ་ཀྲུང་རྒྱལ་ཁབ་གཉིས་དབར་ཟོལ་མེད་ཀྱི་མཉམ་ལས་བྱས་པ་དང་ཁོ་ཐི་ཏི་ཝོར་སྲིད་གཞུང་གིས་སུའུ་པུའུ་ལའེ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལས་གྲྭའི་སྤུས་ཚད་ལ་བློ་ཡིད་ཚིམ་པོ་བྱུང་། ངས་རྒྱལ་ཁབ་གཉིས་ཀྱི་ངལ་རྩོལ་པའི་དཀའ་སྤྱད་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
         ཁོ་ཐི་ཏི་ཝོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐང་ཝུའེ་པིན་གྱིས་སུའུ་པུའུ་ལའེ་ཆུ་ཤུགས་གློག་ཁང་བསྐྲུན་པ་དེས་ཁོ་ཐི་ཏི་ཝོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་པ་དང་རྣམ་གྲངས་དེ་ནི་ཀྲུང་ཁོ་རྒྱལ་ཁབ་གཉིས་དབར་མཉམ་ལས་བྱས་པའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཀྱི་གྲས་ཤིས་ཡིན་པས། རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་མཐུད་དང་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།