འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་རང་བྱུང་སོལ་རླངས་མཁོ་འདོན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ས་གནས་ས་ཐོག་ཏུ་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་ཀན་ལྷོའི་སོལ་རླངས་མཁོ་འདོན་གྱི་ལྕགས་མདོང་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐོབ་སྟེ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
         ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རིགས་རང་སྐྱོང་ཀྲོའུ་10ཡི་གྲས་ཤིག་ཡིན་པ་དང་ཀྲུང་གོའི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་མཚོ་བོད་ས་མཐོར་གནས་ཡོད།
         ཀན་ལྷོའི་སོལ་རླངས་མཁོ་འདོན་གྱི་ལྕགས་མདོང་ལས་གྲྭ་ནི་མདོང་ལམ་ཨ་མ་གཅིག་དང་ཡན་ལག་མདོང་ལམ་གཅིག་ལས་གྲུབ་ཡོད། མདོང་ལམ་ཨ་མ་དེ་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ནས་འགོ་བཙུགས་ཏེ་ལིན་ཞ་གྲོང་ཁྱེར་དང་། ལིན་ཞ་རྫོང་། བསང་ཆུ་རྫོང་བཅས་བརྒྱུད་གཙོད་རྫོང་དུ་སླེབས་ཀྱི་ཡོད། ཡན་ལག་མདོང་ལམ་ནི་ཝང་ཀེའར་ཐང་གྲོང་རྡལ་ནས་འགོ་བཙུགས་ཏེ་བསང་ཆུ་རྫོང་གྲོང་དུ་སླེབས་ཀྱི་ཡོད། ལྕགས་མདོང་གི་རིང་ཚད་ཧྲིལ་པོར་སྤྱི་ལེ་138ཡོད་པ་དང་ཇུས་འགོད་ལྟར་ན་ལོར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2400གཏོང་ཐུབ་རྒྱུ་རེད། ལས་གྲྭ་དེ་2010ལོའི་ཟླ་12ཚེས་25ཉིན་འགོ་བཙུགས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།