འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས"ཁྲུང་ཁྲུང་སྐེ་ནག་ལ་གཅེས"ཞེས་པའི་ལྟ་སྐྱོང་འཆར་གཞི་ཟླ་7པར་
    ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ཐོག་སྐྱེ་འཚར་དང་སྐྱེ་འཕེལ་ཚང་མ་ས་མཐོར་བྱེད་མཁན་གྱི་ཁྲུང་ཁྲུང་གི་རིགས་ཤིག་ཡིན་པ་དང་དེའི་མཛེས་སྡུག་ལྡན་པའི་གཟུགས་དབྱིབས་དང་མཆོག་གྱུར་སྤོབས་ཉམས་ཀྱི་གཤིས་ཀ་ལས། ལོ་ལྟར་བྱ་རིགས་ལ་དགའ་པོ་བྱེད་མཁན་དང་པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་མང་དག་ཅིག་དེར་ལྟ་བར་ཡོང་གི་ཡོད།
         ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ཐོག་ད་ཡོད་གནས་པའི་ཁྲུང་ཁྲུང་གི་རིགས་15ཡི་ནང་རྩ་ཆེ་ཤོས་ཡིན་པ་དང་ཤེས་བྱ་ཁྱབ་གདལ་དང་། སྤྱི་ཚོགས་སྲུང་སྐྱོང་། སྤྱི་ཕན་རོགས་སྐྱོབ་སོགས་ཀྱི་རྩ་དོན་གཞིར་བཟུང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་ཨ་ལི་པ་པའི་རྒྱུན་དུ་དྲང་ནུས་སྦྱིན་པའི་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ“ཁྲུང་ཁྲུང་སྐེ་ནག་ལ་གཅེས”ཞེས་པའི་2017ལོའི་ལྟ་སྐྱོང་འཆར་གཞི་ལག་ལེན་བསྟར་བ་དང་བྱེད་སྒོ་དེ་2017ལོའི་ཟླ་བདུན་པར་དངོས་སུ་སྤེལ་རྒྱུ་དང་ཟླ་བཅུ་གཉིས་པར་མཇུག་འགྲིལ་རྒྱུ་ཡིན་པ་དང་དུས་ཡུན་ལོ་ཕྱེད་ཙམ་ཡིནཔ་རེད།
         བོད་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་བྱ་ཡུལ་གཙོ་བོ་ནག་ཆུའི་ཤན་རྩ་དང་དཔལ་མགོན་སོགས་ཀྱི་རྫོང་གཙོ་བོར་བྱེད་པའི་བྱང་ཐང་གི་ལྷོ་རྒྱུད་ཡིན་པ་དང་ས་ཁོངས་དེ་དག་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།