འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་ལ་བརྟེན་ནས་བོད་རིགས་མང་ཚོགས་ཀྱི"ཟ་འབྲུའི"བདེ་འཇགས་འགན་ལེན་བྱེད་པ།

    —— བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚན་རྩལ་ལ་བརྟེན་ནས་བོད་རིགས་མང་ཚོགས་ཀྱི'ཟ་འབྲུའི'བདེ་འཇགས་འགན་ལེན་བྱེད་པ།
           མི་དམངས་དྲ་བའི་འཕྲིན། མཚོ་བོད་ས་མཐོའི་ས་རྒྱུ་ཞན་པ་དང་ཞིང་ལས་རྗེས་སུ་ལུས་པར་བརྟེན་འབྲུ་རིགས་འགན་ལེན་བྱ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་མིན། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་ལོ་མང་རིང་བོད་རིགས་མང་ཚོགས་ཀྱི་ཟ་འབྲུའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ཞིང་། ཁོང་གིས་གཙོ་ཁྲིད་བྱས་ནས་འདེམས་གསོ་བྱས་པའི“བོད་ནས་ཨང་2000”སྣ་ཁའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་350ཟིན་ཏེ་ནས་ཀྱི་ཐོན་ཚད་ཟིན་ཐོ་གསར་པ་བཏོད་པ་དང་འབྲེལ། ད་བར་འདེབས་འཛུགས་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་བརྒྱ་ལས་བརྒལ་བ་མ་ཟད། ཞིང་པ་ཁྲི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
           “ཞིང་པས་དཀའ་ལས་ག་ཚོད་བརྒྱབ་ཀྱང་ཐོན་འབབ་ཧ་ཅང་ཉུང་ཉུང་ཡིན། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་བོད་ཀྱི་མུའུ་རེའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་བརྒྱ་ཡང་ཟིན་གྱི་མེད། ལག་རྩལ་ལ་བརྟེན་ནས་ཐོན་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ང་ཚོ་ཚན་རྩལ་ལས་དོན་པའི་ཕྲག་ཐོག་གི་འགན་འཁྲི་ཡིན་ལ། ཏང་མི་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་ཡང་ཡིན”ཞེས་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བཤད་བྱུང་།
             1984ལོར་ཉི་མ་བཀྲ་ཤིས་ནུབ་བྱང་ཞིང་འབྲོག་ཚན་རྩལ་སློབ་ཆེན་ནས་ཐོན་རྗེས། ནས་ལ་ཞིབ་འཇུག་བྱེད་འགོ་བརྩམས། དང་ཐོག་ཁོང་གིས་ནས་ཀྱི་སྣ་ཁ་ཆིག་སྟོང་ལ་དབྱེ་འབྱེད་ཞིབ་ཕྲ་བྱས་པ་དང་ལོ་མང་རིང་རྟག་ཏུ་ཞིང་ནང་དུ་ཞིབ་འཇུག་བྱས་ནས་སྡོད་ཀྱི་ཡོད། ཕྱིས་སུ་ཁོང་གིས་སོན་གསོའི་དམིགས་ཚད་ལ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་དང་འབྲེལ་ནས་སྣ་ཁ་གསར་པ་20ལྷག་ཙམ་འདེམས་གསོ་བྱ་རྒྱུའི་ལས་དོན་ནང་ཞུགས།
            ཚན་ཞིབ་ཀྱི་ལོ་ཟླ་རིང་མོའི་ནང་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི“བོད་ནས་ཨང་2000”སྐྱེད་སྲིང་ཐུབ་པ་བྱུང་ཡོད། སོན་བཟང་དེ་རིགས་འདེམས་གསོ་བྱ་ཆེད། ཁོང་གིས་ཚོགས་པ་སྣེ་ཁྲིད་དེ་ལོ་དང་ཟླ་བ་བསྟུད་ནས་ཞིང་ནང་དུ་ཚོད་ལྟ་མང་པོ་བྱེད་མྱོང་། “འདི་ལོ་རེ་བ་འདུག་བསམ་སྐབས་ཕྱི་ལོ་ཡང་ཚོད་ལྟ་ལེགས་གྲུབ་མི་ཡོང་བ་དང་རེ་བ་དང་བློ་ཕམ་ཁྲོད་ལོ་ཟླ་མང་པོ་འདས་སོང”ཞེས་ཁོང་གིས་དེ་ལྟར་བཤད་བྱུང་།
            2002ལོར་པ་སྣམ་རྫོང་ནས་ཉི་མ་བཀྲ་ཤིས་ལ་རང་ཉིད་ཀྱི་བློ་རུ་ཡུན་རིང་བཅངས་པའི་ནས་སོན་རྙེད། “འབྲུ་རྡོག་དང་། མདོག རྐང་ཡོར་བཅས་ཧ་ཅང་ཡག་པོ་འདུག”དེ་རྗེས་ཁོང་གིས་ནས་སོན་དེ་རྨང་གཞིར་བྱས་ཏེ་ཚོད་ལྟ་ཡང་ཡང་བྱས་མཐར་2013ལོར་སྣ་ཁ་དེ་ཞིབ་དཔྱད་ཐུབ་པ་བྱུང་ཡོད། ལོ་དེར་ནས་ཀྱི་སོན་གསར་དེ་འདེབས་འཛུགས་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་10ལས་བརྒལ་བ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་350ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
          ཁོང་གིས“གཞུང་ལས་ཁང་དུ་བསྡད་ན་སྣ་ཁ་གསར་པ་ཤེས་རྟོགས་མི་ཐུབ། ཡངས་པའི་ཞིང་ནང་དུ་བསྐྱོད་དེ་ནས་ལ་ཞིབ་འཇུག་བྱས་ཚེ་གཞི་ནས་གྲུབ་འབྲས་ཡག་པོ་ཐོབ་ཐུབ། ཞིང་འབྲོག་མང་ཚོགས་ལ་ལག་རྩལ་གང་མཁོ་མིན་ཉན་ཚེ། གཞི་ནས་ཁོང་ཚོར་རོགས་རམ་བྱེད་ཐུབ། ཁོང་ཚོར་ལོ་ལེགས་བྱུང་ན་ང་ཚོ་ཞིང་ལས་ཚན་རྩལ་གསར་གཏོད་ལ་གཞི་ནས་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད”ཅེས་བཤད་བྱུང་།
           ད་ཕན་ལོ་ཤས་རིང་། རྒྱལ་ནང་གི་གཞི་རྒྱུའི་ཚན་རིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་བརྟེན་ཉི་མ་བཀྲ་ཤིས་ཀྱིས་ལས་དོན་དེའི་ཁྱབ་ཁོངས་ནང་ཧུར་ཐག་ཞུགས་ཤིང་། ཁོང་དང་རྒྱལ་ནང་གི་ཚན་ཞིབ་ཚན་པ་དང་མཉམ་ལས་བྱས་ཏེ་ལྷ་སའི་ནས་སོན་རྙིང་པར་གཞི་རྐྱེན་བང་རིམ་བཟོས་ཏེ་ཁྱབ་ཚད་གནད་ལ་འཁེལ་བའི་གཞི་རྒྱུའི་རེའུ་མིག་བཟོས་ཡོད། དུས་དེ་ནས་བཟུང་ནས་གསོ་འདེབས་ཀྱི་གཞི་རྐྱེན་གྲུབ་ཆ་རིག་པའི་དུས་སྐབས་སུ་བསྐྱོད་དེ་ནས་གསོ་འདེབས་ལས་དོན་ལ་གསར་བརྗེས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
           བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས“ཏང་འཛུགས་སྐྱོང་ལ་བརྟེན་ནས་ཚན་ཞིབ་ལ་སྐུལ་འདེད་གཏོང་རྒྱུ”དེ་རང་རྟོགས་ཀྱི་བྱ་སྤྱོད་དུ་བརྩིས་ནས་ཏང་ཡོན་གྱི་གསར་གཏོད་ནུས་པར་ལྕག་འདེབས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། “ཚན་རྩལ་ཁྱབ་ཁོངས་ཀྱི་ཏང་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་གོ་རྟོགས་དང་ཏང་གཤིས་ཀྱི་རྩ་དོན་ཐོག་ནས་ཚན་ཞིབ་ལ་དམ་འཛིན་བྱས་ཏེ་ཚན་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་ཡར་ཐོན་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་འདེགས་སྐྱོར་མཁོ་འདོན་བྱས་ཡོད”ཅེས་ཁོང་གིས་དེ་ལྟར་བཤད་བྱུང་།
          “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་པའི་དུས་དེར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཡོན་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་ཕུད། ད་དུང་རང་འགུལ་ངང་སློབ་སྦྱོང་སློབ་གསོ་དེ་ཚན་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱུན་གཏན་ལས་དོན་ཁྲོད་ཚད་ལོན་ཏང་ཡོན་ཞིག་བྱེད་ཐུབ་པ་བྱས་པ་རེད།
          “སྣེ་ཁྲིད་དམག་གི་ཤེས་ལྡན་པ་གཅིག་ལ་དམིགས་པ་དང་། ཕུལ་བྱུང་གི་ཚོགས་པ་གཅིག་སྐྱེད་སྲིང་། ལེགས་ཆའི་རིག་ཚན་གཏོད་པ། དམངས་ཕྱུག་ཐོན་ལས་གཅིག་ལ་འདེགས་སྐྱོར། གནས་གཅིག་གི་མི་སེར་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད”བཅས་བྱས་ཤིང། ད་ཆ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང“ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི”ཡངས་པའི་ལམ་བུའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།