འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བས་ཕྱི་རྒྱལ་དུ་འཛད་སྤྱོད་བྱ་ཚུལ"མཐོ་ཆེ་ལེགས་གསུམ"གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དངུལ་ཁང་གི་དངུལ་ཁང་གཱ་ལྟེ་གནས་ཀྱི་འགན་འཁུར་བས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མིག་སྔར་ཀྲུང་གོ་བས་ཕྱི་རྒྱལ་དུ་འཛད་སྤྱོད་གཙོ་བོ་ནི་དངོས་ཟོག་ཉོ་སྒྲུབ་དང་། ཡུལ་སྐོར། ཕྱི་རྒྱལ་དུ་སློབ་སྦྱོང་བཅས་ཡིན་ཞིང་། ནང་དོན་ཡང་སྤྱིར་བཏང་གི་བཟའ་སྡོད་སྐོར་གསུམ་ནས་རིམ་པ་སྔར་བས་མཐོ་བའི་ལོངས་སྤྱོད་རྣམ་པ་དང་འཕེལ་རྒྱས་རྣམ་པའི་འཛད་སྤྱོད་ཕྱོགས་སུ་འགྱུར་བཞིན་ཡོད་ཅེས་བཤད་པ་རེད།
           ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར། 2016ལོར་ཀྲུང་གོ་ནས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མཁན་མི་གྲངས་དུང་ཕྱུར་ཁྲི་1.22ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4.3%འཕར་བ་དང་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་རིང་ཨ་སྒོར་དུང་ཕྱུར་1098འཛད་སྤྱོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.1%འཕར་ཡོད། དུས་མཚུངས་སུ་སློབ་གསོ་པུའི་གཞི་གྲངས་ཐོག་ནས་མངོན་པར། ན་ནིང་ཀྲུང་གོ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་མི་གྲངས་ཁྲི་54ལས་བརྒལ་ཡོད་པ་རེད།
           ཀྲུང་གོ་དངུལ་ཁང་གི་དངུལ་ཁང་གཱ་ལྟེ་གནས་ཀྱི་གཙོ་གཉེར་མི་སྣ་ཁྲེན་ཡུས་ཀྱིས་ད་དུང་ཕྱི་རྒྱལ་དུ་དྲ་ཐོག་ནས་ཅ་དངོས་ཉོས་པ་ཕུད། ཀྲུང་གོ་བས་ས་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་(ཧའེ་ཐའོ)ནས་ཉོ་ཚོང་བྱེད་ཚད་ཡང་མྱུར་དུ་འཕར་འགྲོ་གི་འདུག་ཅེས་བཤད་པ་རེད། ཨེ་མེ་བློ་འདྲི་ལས་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུར་གཞིགས་ན། 2016ལོར་ཀྲུང་གོའི་ས་མཚམས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་6.3ཟིན་པ་ནི་2013ལོའི་ལྡབ་2ལྷག་ཙམ་ཡིན་པ་དང་ཧའེ་ཐའོ་ཡི་སྤྱོད་དུད་མི་ཐེངས་ཁྲི་4100ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།