འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་མགྱོགས་མྱུར་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐུལ་སློང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ས་ཁུལ་ཤིན་ཏུ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ་ས་ཁུལ་ཤིན་ཏུ་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
          བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་ས་གནས་ཁག་དང་གྲོང་ཁྱེར་ཁག་གིས་ལྗོངས་ཡོངས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོ་དང་ཤིན་ཏུ་དབུལ་པོའི་མི་འབོར་ལ་སླར་ཡང་ཞིབ་ཕྲ་དང་། ཕྱོགས་ཡོངས། གཞི་ཁྱོན་ཆེན་པོ་བཅས་ཀྱི་སྒོ་ནས་གསེད་བཀྲོལ་བྱས་ཏེ་ཤིན་ཏུ་དབུལ་པོའི་མི་འབོར་གྱི་གནས་ཚུལ་རྦད་དེ་མཐིལ་རྟོགས་གསལ་པོ་བྱེད་པ་དང་། དབུལ་པོ་ཆགས་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། དོན་རེ་བཞིན་རེའུ་མིག་ཁ་གསལ་བཟོ་བ། དུད་ཚང་རེ་རེ་བྱས་ནས་གཱ་དང་ཡིག་ཚགས་བཟོ་བ་བཅས་བྱས་ཏེ་ས་ཁུལ་ཤིན་ཏུ་དབུལ་པོ་དང་ཤིན་ཏུ་དབུལ་པོའི་མི་འབོར་ལ་གནད་འཕིགས་ངོས་བཟུང་བྱ་རྒྱུ་རེད།
           ས་ཁུལ་ཤིན་ཏུ་དབུལ་པོའི“སེམས་ཁྲལ་མི་བྱེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་ས་ཁུལ་ཤིན་ཏུ་དབུལ་པོར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཆེ་རུ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་དང་བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་བསྡུ་སྒྲིལ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་མ་དངུལ་གཏོང་བའི་བྱེད་པོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ། དངུལ་རྩའི་མ་དངུལ་གྱི་ཁྲིད་སྟོན་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཧེ་བག་ཅན་གྱི་དབུལ་སྐྱོར་རོགས་སྐྱོར་སྲིད་ཇུས་བཟོ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་རེད།
           ས་ཁུལ་ཤིན་ཏུ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བོད་ཀྱིས“རྫོང་གཅིག་ལ་ཐོན་རྫས་རེའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་མི་འབོར་དབུལ་པོར་ཐད་ཀར་ཕན་པ་ཐོབ་པའི་ཁྱད་ལྡན་ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་དང་ངལ་རྩོལ་གཅིག་འདུས་ཅན་གྱི་ལས་སྣོན་ལས་རིགས་དང་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། ནང་སའི་འདེབས་འཛུགས་དུད་ཆེན་དང་། ཕྱུག་འགྱུར་འཇོན་ཐང་ཅན། ཁེ་ལས་བཅས་ནང་འདྲེན་བྱས་ཏེ་བོད་ཏུ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་གསོ་ཚགས་ལས་དོན་སྤེལ་ནས་མང་ཚོགས་དབུལ་པོ་ཁྱིམ་དང་ཕ་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་ཐུབ་པ་བྱས་ཏེ་ཡུན་རིང་དང་བརྟན་པོའི་སྒོ་ནས་ཕྱུག་པོ་ཆགས་ཐུབ་པ་བྱ་རྒྱུ་རེད།
           མཐའ་མཚམས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བོད་ཀྱིས་དམག་དཔུང་འདུས་སྡོད་དང་དམངས་ཀྱི་བདེ་འཇགས་མཉམ་བཟུང་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་དང་། མཐའ་མཚམས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོ་དབུལ་སྒྲོལ་གནད་སྨིན་ཐུབ་པ་བྱེད་པ། དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་བཅོས་སྐྱོང་ཡག་པོ་དང་། མཐའ་མཚམས་བརྟན་ལྷིང་ཡོང་བ། མཐའ་མཚམས་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ལ་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་3305བཏང་བར་བརྟེན་ས་ཁུལ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་2016ལོར་མི་འབོར་དབུལ་པོ་ཁྲི་14.7ཉུང་དུ་ཕྱིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་24.9%བཟུང་ཡོད། རྫོང་དང་ཆུས་ལྔ་ཡིས་རྒྱབ་ཁབ་ཀྱི་དཔྱད་ཞིབ་འཚོལ་སྐོར་རེ་ཞུ་བྱས་པ་དང་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་ནང་འདེང་འཇོག་ཡག་པོ་ཐོབ་ཡོད་ལ། ཞིང་ཆེན་རིམ་པའི་སྣོལ་མའི་དཔྱད་ཞིབ་དང་ཕྱོགས་གསུམ་པའི་ཚོད་སྐོར་དཔྱད་ཞིབ་ནང་ཕྱོགས་བསྡུས་དཔྱད་འདེམས་བྱས་ནས་ཕུལ་བྱུང་གི་རིམ་པ་འདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།