འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་ས་ཆ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་དེང་སྐབས་ཀྱི་འབྲུབ་འགོག་ཐན་འགོག་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། བརྡ་ཁྱབ་ནང་འདི་ལོའི་ཆུ་རྒྱས་པའི་དུས་སུ་སླེབས་ཚུན་རྒྱལ་ཡོངས་ཀྱི་ཆུ་རྒྱས་པའི་གནས་ཚུལ་དང་ཐན་པ་སྟེན་པའི་གནས་ཚུལ་སྤྱིར་ན་བརྟན་པོ་ཡོད་པ་དང་ས་ཆ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། རྒྱལ་ཡོངས་སུ་ཆར་པ་ཐེངས་19བབས་པ་དང་ཆུ་བོ་དང་གཙང་པོ175ཉེན་ཟོན་ས་ཐིག་ལས་བརྒལ་ནས་ཆུ་ལོག་ཐོན་པ་དང་གཙང་པོ་དང་ཆུ་བོ་32འགན་ལེན་གྱི་ཆུ་ཁའི་མཐོ་དམན་ལས་བརྒལ་ནས་ཆུ་ལོག་ཐོན་པ་དང་མཚོ་རླུང་དྲག་པོ་ཐོན་སྔ་བ་ཡོད། ཉེ་དུས་འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ནན། ལྷོ་ནུབ་ཤར་རྒྱུད་བཅས་ལ་མུ་མཐུད་ཆར་པ་བབས་ནས་ཆུ་ལོག་གི་ཉེན་ཁ་སྔར་བས་ཆེ་རུ་ཕྱིན་ཡོད། དབྱར་དུས་སུ་ཞི་བདེ་རྒྱ་མཚོའི་ནུབ་བྱང་རྒྱུད་དང་ལྷོ་རྒྱ་མཚོའི་རྒྱུད་ཀྱི་ཚ་ཁུལ་དུ་རླུང་འཁྱིལ་ཡང་ཡང་ཐོན་སྲིད་པ་བཏོན་ཡོད།
            མིག་སྔའི་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ཆུ་ལོག་གི་གནོད་འཚེ་ཐོན་ནས་ཞིང་ལས་སྐྱེ་དངོས་རྒྱ་ཁྱོན་སྤྱི་ཆིང་སྟོང་982.1དང་མི་ཁྲི་1490.17ལ་གནོད་འཚེ་ཕོག་པ་དང་སྡོད་ཁང་ཁྲི་1.81བརྡིབས་པས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་229.33ཕོག་པ་དང་གནོད་འཚེས་རྐྱེན་པས་མི་47རྐྱེན་ལམ་དུ་ཤོར་བ་དང་མི་10གར་སོང་ཆ་མེད་དུ་གྱུར་པ་རེད། 2000ལོ་ཚུན་གྱི་དུས་མཚུངས་སྙོམས་ཐང་དང་བསྡུར་ན་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་ཚད་རྒྱ་ཁྱོན་62%ཉུང་དུ་ཕྱིན་པ་དང་། མི་འབོར་ལ་གནོད་འཚེ་ཕོག་ཚད་64%ཉུང་དུ་ཕྱིན་པ། སྡོད་ཁང་རྡིབ་ཚད་91%ཉུང་དུ་ཕྱིན་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་19%ཉུང་དུ་ཕྱིན་པ། མི་སྣ་རྐྱེན་ལམ་དུ་ཤོར་ཚད་84%ཉུང་དུ་ཕྱིན་པ་བཅས་ཀྱི་ནང་ཧུའུ་ནན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཧུའུ་པེ། ཀོང་ཏུང་། ཀོང་ཤིས། ཅང་ཤིས་སོགས་ཞིང་ཆེན་བདུན་གྱི་གནོད་འཚེ་ཕོག་པའི་གྱོང་གུན་གྱིས་རྒྱལ་ཡོངས་ཀྱི་བཅུ་ཆ་བརྒྱད་ཙམ་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།