འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས“དམ་འཛིན་བཞི་དང་སྐུལ་གཏོང་བཞི”ལ་བརྟེན་ནས་དབུལ་
    སྒྲོལ་གཙང་བཤེར་གྱི་གྲུབ་འབྲས་བརྟན་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། སྤུས་ཚད་སྔར་བས་ལེགས་སུ་དང་ཆུ་ཚད་སྔར་བས་མཐོ་བའི་ངང་དབུལ་སྒྲོལ་ཧུར་ཐག་ཡོང་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས“དམ་འཛིན་བཞི་དང་སྐུལ་གཏོང་བཞི”ལ་བརྟེན་ནས་དབུལ་སྒྲོལ་གཙང་བཤེར་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་མི་འབོར་དབུལ་པོ་ཀྲོའུ་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་འགན་ལེན་བྱས་པ་རེད།
           གཞན་སྒྱུར་ལས་ཞུགས་དང་རྩལ་ནུས་གསོ་སྦྱོང་གཙོ་གནད་དུ་བྱས་ནས་སློབ་མ་དབུལ་པོའི་ལས་ཞུགས་ལས་གཏོད་ཀྱི་དུས་ཐུང་གསོ་སྦྱོང་མང་དུ་བཏང་ནས་ངལ་རྩོལ་ནུས་པ་ལྡན་པའི་དུད་ཁྱིམ་དབུལ་པོའི་གཞན་སྒྱུར་ལས་ཞུགས་ཁྱོན་ཡོངས་སུ་ཁྱབ་པར་བྱས་ཡོད། “གནད་དོན་གྱི་དགོས་མཁོ”དེ་ཕྱོགས་སྟོན་དུ་བྱས་ནས་དབུལ་སྐྱོར་མ་འཇོག་གི་གྲུབ་ཆ་ལེགས་སྒྲིག་དང་། མཁོ་སྤྲོད་ཆེ་རུ་ནུས་ལྡན། དབུལ་སྐྱོར་གྱི་དམིགས་ས་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ལས་བྱུང་བའི་ཁེ་བཟང་མང་ཚོགས་ཡོངས་ལ་ཐོབ་པར་བྱས་ཡོད། ཁེ་ལས་ཀྱི་དབུལ་སྐྱོར་དང་། གནས་གཏན་འཁེལ་གྱི་དབུལ་སྐྱོར། ཁ་གཏད་དབུལ་སྐྱོར། གྲོང་སྡོད་རོགས་སྐྱོར་བཅས་བྱས་ཏེ“ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི”བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་པའི་སྐུལ་སློང་བྱས་པ་རེད།
           མི་འབོར་དབུལ་པོ་ལྟར་མ་དངུལ་ཆ་སྙོམས་བགོ་བ་ནས་རྣམ་གྲངས་ཀྱི་ཕན་འབྲས་ལྟར་མ་དངུལ་བགོ་བའི་བར་བསྒྱུར་བ་དང་། སྲིད་འཛིན་ཁོངས་གཏོགས་རྐྱང་པར་བརྟེན་པ་ནས་དཔལ་འབྱོར་རྩ་འཛུགས་ལ་གཙོ་བོར་བརྟེན་པར་བསྒྱུར་བ། མ་དངུལ་ཕྱོགས་རྐྱང་པར་གཏོང་བ་ནས་མ་དངུལ་དང་། ལག་རྩལ། དངོས་ཟོག གསོ་སྦྱོང་བཅས་ཟུང་དུ་སྦྲེལ་བའི་བར་བསྒྱུར་ཡོད། དམངས་གཉེར་ཁེ་ལས་དང་། ལས་ཁུངས་ཀྱི་ཚན་པ། ཏང་ཡོན་ལས་བྱེད་པ། སྤྱི་ཚོགས་ཀྱི་གྲུབ་འབྲས་ཅན་བཅས་ལ་ཁྲིད་སྟོན་གྱིས་གྲོང་ཚོ་དང་སྦྲེལ་མཐུད་ཀྱི་གནས་སྦྱར་གྱི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་གྲུབ་འབྲས་ཅན་གྱིས་དུད་ཁྱིམ་དབུལ་པོར་རོགས་སྐྱོར་བྱེད་པའི་ཡུན་རིང་གི་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་དབུལ་སྐྱོར་འགན་འཁྲིའི་འབྲེལ་ཐག་དང་ལས་འགན་གྱི་འབྲེལ་ཐག་བཙུགས་པ་རེད།
           གོར་མོ་དང་། གཏེར་ལེན་ཁ། དུར་ལམ། ཐེམ་ཆེན་རྫོང་བཅས་ཀྱིས་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་དབུལ་སྐྱོར་གྱི་ཐོན་ལས་གླིང་ཁུལ་བསྐྲུན་པ་དང་། འདེབས་འཛུགས་ལས་རིགས་དང་སྣོད་བཅུད་འབྲོག་ལས་གོང་འཕེལ་བཏང་བ། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་གཏིང་ཟབ་ཡོང་བར་གོང་འཕེལ་བཏང་ནས་ས་ཁུལ་དབུལ་པོ་དང་དུད་ཁྱིམ་དབུལ་པོར་ཁྱབ་འགྱེད་སྣེ་ཁྲིད་བྱས་ཏེ་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་བྱས་ནས་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད། མང་ཚོགས་དབུལ་པོའི་རྒན་གསོ་དང་། སྡོད་ཁང་། སློབ་ཞུགས། སྨན་བཅོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་སོགས་གནད་དོན་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དེ་གྲོང་གསེབ་དང་འབྲོག་ཁུལ་དུ་ཁྱབ་པ་དང་། སྤྱི་པའི་ཞབས་ཞུ་དེ་གྲོང་གསེབ་དང་འབྲོག་ཁུལ་དུ་སྣུར་སྲིང་། སྤྱི་ཚོགས་འགན་སྲུང་དེ་ཞིང་འབྲོག་ཁུལ་དུ་ཁྱབ་པར་བྱེད་པ་བཅས་ཧུར་ཐག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།