འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་དང་ཤང་ཀང་གི་ཉོ་ཚོང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.2ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་01ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འགག་སྒོའི་ཀོང་ཏུང་ཡན་ལག་ཧྲུའུ་ཡིས1997ལོར་ཤང་ཀང་ཚུར་ལོག་བྱས་ཚུན། ཀོང་ཏུང་དང་ཤང་ཀང་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པས་ས་ཁུལ་གཉིས་ཀྱི་ཐོན་ལས་མཉམ་འདྲེས་ཀྱི་རིམ་སྤོར་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཀོང་ཏུང་དང་ཤང་ཀང་གི་ཉོ་ཚོང་གཞི་ཁྱོན་1997ལོའི་མི་དམངས་ཤོག་སྒོར་དུང་ཕྱུར་2797.9ནས་2016ལོའི་སྒོར་དུང་ཕྱུར་ཁྲི་1.2བར་མང་དུ་ཕྱིན་པ་དང་ལོ་རེར་ཆ་སྙོམས་8.1%འཕར་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།
         ཤང་ཀང་ཚུར་ལོག་བྱས་ཚུན། ལས་སྣོན་ཚོང་དོན་ལོ་རེར་ཆ་སྙོམས་6.5%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་བྱས་པའི་གཞི་ཁྱོན་1997ལོའི་སྒོར་དུང་ཕྱུར་1885ནས་2016ལོའི་(གཤམ་མཚུངས)སྒོར་དུང་ཕྱུར་6221.9བར་འཕར་ཡོད། དེ་དང་དུས་མཚུངས་ཀོང་ཏུང་ཞིང་ཆེན་གྱིས་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་བྱེད་ཐབས་ལ་བརྟེན་ནས་ཤང་ཀང་གི་ཕྱིར་གཏོང་ནང་འདྲེན་ལོ་རེར་ཆ་སྙོམས་འཕར་ཚད་21.8%ཟིན་པར་བྱས་ཡོད་པ་དང་། གཞི་ཁྱོན་སྒོར་དུང་ཕྱུར་48.3ནས་སྒོར་དུང་ཕྱུར་2050བར་འཕར་སྣོན་བྱུང་བ་དང་། གཞན་ཡང་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱས་པའི་གཞི་ཁྱོན་སྒོར་དུང་ཕྱུར་816.9ནས་སྒོར་དུང་ཕྱུར་3623.3བར་འཕར་སྣོན་བྱུང་བས་ལོ་རེར་ཆ་སྙོམས་8.2%འཕར་ནས་སྡུར་ཚད་30%ཡས་མས་སུ་བརྟན་པོར་གནས་ཡོད་པ་རེད།
          ཀོང་ཏུང་དང་ཤང་ཀང་གི་ཚོང་དོན་གཞི་ཁྱོན་འཕར་ཤུགས་ཆེ་བ་དང་དུས་མཚུངས་སྒྲིག་གཞི་ཡང་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། ཉེ་བའི་ལོ་20ཡི་རིང་ཀོང་ཏུང་ཞིང་ཆེན་གྱིས་ཤང་ཀང་ལ་ཕྱིར་གཏོང་བྱས་པའི་འཕྲུལ་ཆས་དང་གློག་ཆས་ཀྱི་ཐོན་རྫས་ལོ་རེར་ཆ་སྙོམས་མྱུར་ཚད་14.3%གྱིས་འཕར་སྣོན་ཇེ་མགྱོགས་སུ་བཏང་བ་དེས་ཤང་ཀང་ལ་ཕྱིར་གཏོང་བྱས་པའི་སྡུར་ཚད་30.2%ནས་77.1%བར་འཕར་ཡོད། དུས་མཚུངས་ཤང་ཀང་ལ་སྲོལ་རྒྱུན་གྱི་ངལ་རྩོལ་གཅིག་སྡུད་ཆེ་བའི་རྣམ་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་གཞི་རྩའི་ཆ་ནས་སྒོར་དུང་ཕྱུར་1000གི་གཞི་ཁྱོན་རྒྱུན་འཁྱོངས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།