འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་གཉིས་ཀྱིས་མའོ་རྫོང་གི་རི་ཚབས་ཆེན་ཉིལ་བའི་གནོད་འཚེར་དམིགས་ཏེ་རྒྱལ་ཁབ་ཀྱི་
    རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ལས་དོན་ཛ་དྲག་ངང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན་གྱི་ཆུ་ཚོད་14ཙམ་ལ་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་སི་ཁྲོན་མའོ་རྫོང་དུ་ཐོན་པའི་རི་ཚབས་ཆེན་ཉིལ་བའི་གནོད་འཚེར་དམིགས་ཏེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ལས་དོན་ཛ་དྲག་ངང་སྤེལ་བ་དང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱི་དྲུང་ཆེ་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུའུ་ཁྲའོ་ཤིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་ནང་ཞུགས་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ་དང་ཆབས་ཅིག འབྲེལ་ཡོད་སི་དང་ཅུས་དང་ཚན་པའི་འགན་འཁུར་བློ་མཐུན་མངགས་ཏེ་ལས་དོན་ཚོགས་ཆུང་བཙུགས་ནས་གནོད་འཚེ་ཕོག་ཁུལ་དུ་གནོད་སྐྱོན་བྱུང་ཚུལ་ལ་ལྟ་ཞིབ་གནང་བ་དང་འབྲེལ། ས་གནས་ལ་གེགས་སེལ་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།