འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ཀྱིས་མའོ་རྫོང་གི་གེགས་ཁུལ་ལ་རོགས་སྐྱོབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་
    གློག་དང་གློག་འཕྲིན་ཤར་གཏོང་ཐུབ་པ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སི་ཁྲོན་མའོ་རྫོང་དུ་མཐོ་ས་ནས་རི་ཚབས་ཆེན་ཉིལ་བའི་གནོད་འཚེའི་གནས་ཚུལ་ཐོན་མ་ཐག་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཀྲུང་དབྱང་ཁེ་ལས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་འཕྲལ་མར་མི་རྒྱུ་དངུལ་གསུམ་གྲབས་གསོག་བྱས་ཏེ་ཛ་དྲག་རོགས་སྐྱོབ་བྱས་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་གློག་དང་གློག་འཕྲིན་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་6ཚེས་24ཉིན་གྱི་ཆུ་ཚོད་16བར་ཀྲུང་གོ་ལྕགས་ལམ་དང་། རྒྱལ་ཁབ་གློག་དྲ། ཀྲུང་གོ་རྡོ་སྣུམ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར། ཀྲུང་གོ་གློག་འཕྲིན། ཀྲུང་གོ་སྒུལ་བདེ། ཀྲུང་གོ་དྲ་སྦྲེལ། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སོགས་ཀྲུང་དབྱང་ཁེ་ལས་དགུ་ཡི་ཉིང་ལག་དཔུང་ཁག་20ཉེན་སེལ་རྒུད་སྐྱོབ་ནང་ཞུགས་པ་དང་ཉིང་ལག་དཔུང་ཁག་ལྔ་གེགས་ཁུལ་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་གྱི་རོགས་སྐྱོབ་དཔུང་ཁག་གིས་མི་གསུམ་བསྐྱབས་པ་དང་དེ་མིན་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་འགན་ལེན་དང་རོགས་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།