འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཧྲང་ཧའེ་གྲུ་ཁ་དང་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་མཉམ་ལས་ཀྱིས"རྒྱུད་གཅིག་ལམ་གཅིག"འཛུཊ་སྐྲུན་ལ་སྐུལ་
    འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཧྲང་ཧའེ་གྲུ་ཁ་དང་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་དོ་དམ་ཕྱོགས་ཀྱིས་ཉེ་ཆར་མཉམ་ལས་ཀྱི་གྲོས་མཐུན་གསར་པར་མིང་རྟགས་བཀོད་ནས་གྲུ་ཁ་ཆེ་ཤོས་གཉིས་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ཀྲུང་གོའི་རྒྱང་རིང་མཚོ་འདྲེན་ཚོགས་པའི་ཏུང་ཧྲི་ཀྲང་ཞུའེ་ལི་རུང་དང་ཀེ་རི་སེ་སྤྱི་མཐུན་རྒྱལ་ཁབ་འཕེལ་རྒྱས་ཐེབས་རྩའི་རྐང་བདག་སྐུ་ཚབ་ཀྲུང་གོ་རྒྱང་རིང་མཚོ་འདྲེན་ཚོགས་པ་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁ་ཚད་ཡོད་ཀུང་སིའི་བློ་འདྲི་བ་གཅིག་ལྕོགས་ཡིན་པའི་ཨ་ས་ན་ཤི་ཨའོ་སི·ལི་ཡ་ཀུའུ་སི་རྣམ་གཉིས་ཀྱིས་ཧྲང་ཧའེ་རྒྱལ་སྤྱིའི་གྲུ་དོན་ཚོགས་པའི་ཏུང་ཧྲི་ཀྲང་ཁྲེན་རུང་ཡོན་དང་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གཞིར་བཟུང་ཕྱོགས་གཉིས་པོས་གྲུ་ཁ་དང་། མཚོ་ཐོག་སྐྱེལ་འདྲེན། མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུ། མཚོ་ཐོག་སྐྱེལ་འདྲེན་དངུལ་རྩའི་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་གྲུ་ཁ་གལ་ཆེན་གྱི་མཉམ་ལས་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཧྲང་ཧའེ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་བསྐྲུན་རྒྱུ་དང་ཀྲུང་ཀེའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་ཤུགས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པའི་ཀེ་རི་སེ་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་པི་ཆི་ཨའོ་ལ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་དངོས་ཟོག་འབོར་ཆེན་ཀྲུང་གོ་ནས་ཀེ་རི་སེར་དབོར་ཏེ་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁ་དང་ཀེ་རི་སེ་ཡོངས་ལ་དཔལ་འབྱོར་འཕར་གཞིའི་མདུན་ལམ་ཡག་པོ་ཞིག་གཏོད་རྒྱུ་ཡིན་ལུགས་མཚོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།