འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོས་མ་རྩ་བཏང་ནས་ལས་ཞུགས་གསར་གཏོད་བྱས་ཏེ་ཁེན་ནི་ཡའི་འཕེལ་རྒྱས་ལ་རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཀྲུང་གོས་མ་རྩ་བཏང་ནས་ལས་ཞུགས་གསར་གཏོད་བྱས་ཏེ་ཁེན་ནི་ཡའི་འཕེལ་རྒྱས་ལ་རོགས་རམ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལོ་600ལྷག་ཙམ་གོང་། ཀྲེན་ཧོ་ཡིས་གྲུ་གཟིངས་རུ་ཁག་གི་སྣེ་འཁྲིད་དེ་ཀྲུང་གོ་ནས་ཐོན་ཏེ་ཨེ་ཤེ་ཡ་ཤར་ལྷོ་བརྒྱུད་པ་དང་ཧིན་རྡུ་རྒྱ་མཚོ་སྒྲོལ་རྗེས"མན་པ་ས"ལ་འབྱོར་བ་དེ་ནི་ད་ཆའི་མོང་པ་ས་རེད། ཉོ་ཚོང་དུས་དེ་ནས་འགོ་བཙུགས་ཏེ་དར་རྒྱས་བྱུང་བ་དང་ཨ་ཧྥེ་རི་ཁའི་རྒྱ་མཚོ་ཤར་མའི་ངོགས་འདི་ཉིད་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ཐོག་གི"རྫ་ཆས་མཚོ་ངོགས"སུ་གྱུར་ཡོད། མོང་པ་ས་གནའ་གྲོང་གི"འཛམ་གླིང་གི་རིག་གནས་ཤུལ་བཞག"ཡེ་ཤུའི་མཁར་རྫོང་གིས་སྔར་བཞིན་སྐབས་དེའི་ཀྲུང་གོའི་རྫ་ཆས་ཉར་ཚགས་བྱས་ཡོད། ད་ཆ་ཀྲུང་གོའི་རྫ་ཆས་དེ་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་དེར་རྣམ་པ་གསར་པའི་ཐོག་ནས་གསོན་ཤུགས་ཀྱིས་ཁེངས་བཞིན་ཡོད། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཡོད་པའི་ཀྲུང་གོའི་རྫ་ཆས་བཟོ་གྲྭ་ཞིག་གིས་ཉིན་ལྟར་སྒམ་ནང་བླུགས་པའི་རྫ་སོ་ཁེན་ནི་ཡའི་དུད་ཚང་ཁྲི་སྟོང་མང་པོར་སྐྱེལ་གྱི་ཡོད། ཁེ་ལས་དེའི་མིང་ལ་ཐེ་ཕུའུ་རྫ་ཆས་ཚད་ཡོད་ཀུང་སི་ཟེར་བ་དང་དེ་ནི་ཀོང་ཏུང་ཁོ་ཏ་དྭངས་གཙང་ནུས་རྒྱུའི་མ་རྐང་ཚད་ཡོད་ཀུང་སི་དང་ཀོང་ཀྲོའུ་སེན་ཏ་ཚོགས་པས་མ་རྩ་མཉམ་དུ་བཏང་ནས་བཙུགས་པ་ཞིག་ཡིན་པས"ཁེན་ནི་ཡའི་ཆེས་ཕུལ་དུ་བྱུང་བའི་རྫ་ཆས་ཐོན་སྐྱེད་ཁེ་ལས"ཤིག་ཏུ་གཏོད་རྒྱུར་གཞོལ་བཞིན་ཡོད་ཅིང་། གོང་གི་པར་དེ་ནི་ཁེན་ནི་ཡའི་ཁ་ཅ་ཏོ་ཅུན་རུ་གནས་པའི་ཐེ་ཕུའུ་རྫ་ཆས་ཚད་ཡོད་ཀུང་སིའི་བཟོ་པ་ཞིག་གིས་རྫ་སོ་དཀར་རྩི་མར་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།