འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎རྒྱལ་སྤྱིའི་ནུས་རྒྱུ་གསར་པའི་བགྲོ་གླེང་ཚོགས་འདུའི་ཐོག"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུར་དོ་ཁུར་
    བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། "གསར་གཏོད་སྣེ་འདྲེན་དང་། ཚད་ལྡན་སྐུལ་སྤེལ། མཉམ་ལས་མཉམ་སྤྱོད། ཕན་ཚུན་སྦྲེལ་མཐུད"བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་ནུས་རྒྱུ་གསར་པ་འཕེལ་རྒྱས་དང་ལག་རྩལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཉེ་ཆར་འདི་གར་འཚོགས་པ་དང"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུ་དེ་གླེང་མང་བའི་གྲོས་གཞིའི་གྲས་སུ་གྱུར་བ་རེད།
         ཀྲུང་གོ་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་། རྒྱལ་སྤྱིའི་གློག་ཤུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་དབྱིང་པེའོ་ཡིས་བགྲོ་གླེང་ཚོགས་འདུའི་ཐོག ནུས་རྒྱུ་གསར་པ་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གློག་དྲ་འཛུགས་སྐྲུན་དང་། ལག་རྩལ་གསར་གཏོད། སྲིད་ཇུས་ལམ་སྲོལ། སྤྱི་ཚོགས་ཞུགས་པ་བཅས་ཕྱོགས་བཞིའི་ཐད་ནས་ཕྱོགས་བསྡུས་ངང་ཤུགས་འདོན་བྱེད་དགོས། "རྒྱུད་གཅིག་ལམ་གཅིག"འཛུགས་པ་ལས་བྱུང་བའི་གོ་སྐབས་གལ་ཆེན་ལ་དམིགས་ནས་རྒྱལ་ཁབ་གློག་དྲ་ཀུང་སིས་རྒྱལ་ཁབ་ཁག་གི་ནུས་རྒྱུ་ཁེ་ལས་དང་མཉམ་ལས་བྱས་ཏེ་ལམ་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་དང་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་ལ་སྐུལ་སྤེལ་བཏང་ཐོག་གཙང་མ་དང་ལྗང་མདོག་གི་བྱ་ཐབས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་གློག་ཤུགས་དགོས་མཁོ་སྐོང་རྒྱུར་སྐུལ་སྤེལ་གཏོང་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         འཇར་མན་གྱི་ཚོགས་ཞུགས་ཁེ་ལས་ཀྱིས། "རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་རྒྱལ་ཁབ་ཁྲོད་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཡོད་པ་དེ་དག་གིས"རྒྱུད་གཅིག་ལམ་གཅིག"བརྒྱུད་མཆོངས་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ནས་གློག་དྲ་འཕེལ་རྒྱས་གཏོང་བའི་ཁྲོད་དུས་སྐབས་གསར་ཤོས་ཀྱི་གློག་དྲ་འཛུགས་སྐྲུན་བྱེད་འགོ་འཛུགས་དགོས་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།