འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རིག་པ་ཆེད་བཞུགས་མེ་འཁོར་ལྷ་སར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན། དུས་ཡུན་ཉིན་གཉིས་ཉེ་བ་བསྐྱོད་ཚེ་Z21མེ་འཁོར་པེ་ཅིང་ནས་རྡོག་ཐོན་ཏེ་ལྷ་སར་འབྱོར་བ་རེད། ཐེངས་འདིའི“ཚན་རྩལ་མེ་འཁོར་བོད་ལྗོངས་སུ་སྐྱོད"ཅེས་པའི་བྱེད་སྒོ་ནི་ཚེས་20ཉིན་སྤེལ་འགོ་ཚུགས་པ་མ་ཟད། དུས་ཡུན་གཟའ་འཁོར་གཅིག་རིང་རྒྱུན་མཐུད་ངང་སྤེལ་རྒྱུ་རེད། ལྕགས་ལམ་ས་ཆ་གང་བར་དུ་བཏིང་ཡོད་ན། ཤེས་བྱའང་དེའི་བར་དུ་སྐྱེལ་རྒྱུ་ཡིན་པའི"ཚན་རིག་ཁྱབ་གདལ་གྱི་གསོལ་སྟོན་གཟབ་རྒྱས་ཤིག"བོད་ལྗོངས་སུ་གཤོམ་འགོ་ཚུགས་གྲབས་ཡོད་པ་རེད། 
        ཐེངས་འདིའི"ཚན་རྩལ་མེ་འཁོར་བོད་ལྗོངས་སུ་སྐྱོད"ཅེས་པའི་བྱེད་སྒོ་སྤེལ་བའི་རིང་ལ། ནགས་ལས་སྐོར་གྱི་ཤེས་བྱ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཏེར་ཁ་འཚོལ་བ། ཡོམ་འགོག་གནོད་འཚེ་ཉུང་གཏོང་སོགས་ཚན་རིག་ཁྱབ་གདལ་དང་ཤེས་བྱ་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་འགོ་འཛིན་འཕྲིན་ལས་དབང་ཕྱུག་གིས་བོད་ལྗོངས་ནི་ཚན་རིག་ཁྱབ་གདལ་བྱེད་དགོས་ཤོས་ཀྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པ་དང་། ང་ཚོས་ཚན་རིག་ཁྱབ་གདལ་གཏོང་བར་བརྟེན་ནས་མི་རྣམས་ལ་ཚན་རིག་གི་བསམ་བློ་དང་ཚན་རིག་གི་སྙིང་སྟོབས་བཙུགས་ཏེ་ཚན་རིག་དང་མཐུན་ཞིང་དཔལ་ཡོན་རྒྱས་པའི་འཚོ་བ་སྐྱེལ་དུ་འཇུག་དགོས་ཞེས་བཤད་པ་རེད།
         ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་བརྟག་དཔྱད་ཐེངས་དགུ་པ་ལས་གསལ་བ་ལྟར་ན། 2015ལོར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་ནི་2010ལོའི་ལྡབ་20དང་ཉེ་བ་རེད། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་འདི་ལོའི་ཟླ་བ་2པའི་ཟླ་དཀྱིལ་དུ་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཞིང་འབྲོག་མང་ཚོགས་ཁྲོད་ཀྱི་ཚན་རྩལ་ཆེད་མངག་པ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁེབས་ཤིང་། མི་གྲངས་ཁྲི་1.09ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།