འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཟིང་སློང་རྐང་སྤོལ་རྩེད་མིར་ཉེས་ཆད་དྲག་པོ་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཟིང་སློང་རྐང་སྤོལ་རྩེད་མིར་ཉེས་ཆད་དྲག་པོ་བཅད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་གྱི་ཕྱི་དྲོར། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་བསྟུད་མར་ཉེས་ཆད"ཁག"བདུན་བཏང་ཞིང་། ཟླ་6ཚེས་18ཉིན་གྱི་ཀོང་ཀྲོའུ་ཧྥུ་ལི་དང་ཧྲང་ཧའེ་ཧྲང་ཀང་གཉིས་ཀྱི་འགྲན་བསྡུར་དུ་ཟིང་སློང་དུ་ཞུགས་མཁན་ཕྱོགས་གཉིས་ཀར་ཆད་པ་བཅད་པ་རེད། དེའི་ནང་ཧྲང་ཧའེ་ཧྲང་ཀང་གི་རྐང་སྤོལ་རྩེད་མི་ཨོ་སི་ཁར་འགྲན་བསྡུར་8ལ་ཞུགས་མི་ཆོག་པ་དང་ཉེས་ཆད་མི་དམངས་ཤོག་སྒོར་ཁྲི་4བཅད། ཀོང་ཀྲོའུ་ཧྥུ་ལི་ཕྱོགས་ཀྱི་རྐང་སྤོལ་རྩེད་མི་ཁྲེང་ཀྲི་ཀྲའོ་དང་། ལི་ཐི་ཤང་། གཞན་ཧྲང་ཧའེ་ཧྲང་ཀང་གི་རྐང་སྤོལ་རྩེད་མི་ཧྥུ་ཧྲེང་བཅས་ལ་རིམ་པ་བཞིན་དུ་འགྲན་བསྡུར་7དང་5དང་6བཅས་ལ་ཞུགས་མི་ཆོག་པ་དང་། ཆད་པ་མི་དམངས་ཤོག་སྒོར་ཁྲི་3.5དང་ཁྲི་2.5དང་ཁྲི་3བཅས་བཅད་པ་རེད། པར་རིས་འདི་དག་ནི་ཉིན་དེར་ཟིང་ཆ་བྱུང་སྐབས་ཀྱི་གནས་ཚུལ་ཡིན་པ།
    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཟིང་སློང་རྐང་སྤོལ་རྩེད་མིར་ཉེས་ཆད་དྲག་པོ་བཅད་པ།
    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཟིང་སློང་རྐང་སྤོལ་རྩེད་མིར་ཉེས་ཆད་དྲག་པོ་བཅད་པ།
      

    ཕྱོགས་བསྡུས་གསར་འགྱུར།