འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལྷོ་བྱང་ཕྱོགས་གཉིས་སུ་དྲག་ཆར་བབས་པ་དང་པེ་ཅིང་དང་ཧྲན་ཏུང་སོགས་ཀྱི་
    ས་ཁུལ་ཆ་ཤས་སུ་སེར་བའང་འབེབས་ཉེན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་གྱི་ལྷོ་བྱང་ཕྱོགས་གཉིས་སུ་དྲག་ཆར་བབས་པ་དང་པེ་ཅིང་དང་ཧྲན་ཏུང་སོགས་ཀྱི་
ས་ཁུལ་ཆ་ཤས་སུ་སེར་བའང་འབེབས་ཉེན་ཡོད་པ།
           མི་དམངས་དྲ་བའི་འཕྲིན། དམའ་འཁྱིལ་དང་འཁྱགས་འཁྱིལ་གནམ་གཤིས་མ་ལག་གི་ཤུགས་རྐྱེན་ཐེབས་སྟབས། ཟླ་6ཚེས་22ཉིན། ཧྭ་བྱང་སོགས་ཀྱི་ས་ཁུལ་དུ་དྲག་ཆར་ཆེ་ཙམ་བབས་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པརེད། དུས་མཚུངས་སུ། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་མང་པོ་ཞིག་ཏུའང་དྲག་ཆར་བབས་ཤིང་། སི་ཁྲོན་དང་། ཅང་ཞི། ཀྲེ་ཅང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་བབས་པ་རེད།
          ཚེས་22ཉིན་གྱི་ས་སྲོད་ལ། རྒྱལ་ཁབ་གནམ་གཤིས་ལས་ཁུངས་དང་རྒྱལ་ཁབ་ས་ཞིང་ཐོན་ཁུངས་སོགས་པའི་སྡེ་ཁག་གིས་མཉམ་དུ་སྔོན་བརྡ་བཏང་སྟེ་ཚེས་22ཉིན་གྱི་ཆུ་ཚོད་20:00ནས་ཚེས་23ཉིན་གྱི་ཆུ་ཚོད་20:00བར། རང་རྒྱལ་གྱི་ལྷོ་བྱང་གཉིས་ཀྱི་ས་ཁུལ་ཁ་ཤས་སུ་ད་དུང་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཆ་ཤས་སུ་དུས་ཐུང་ནང་ཆར་ཆུ་ཆེན་པོ་འབབ་ཉེན་ཡོད་པ་རེད། ཧྲན་ཏུང་དང་། པེ་ཅིང་། ཧོ་ནན་སོགས་པའི་ས་ཁུལ་ཆ་ཤས་སུ་གློག་འཁྱུག་འབྲུག་གྲགས་དང་རླུང་ཆེན་རིམ་པ་8-10བར་རྒྱག་པའི་གནམ་གཤིས་བསྟན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།