འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅༎ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་བའི་སྲིད་འཛིན་ཚོགས་འདུའི་ཚོགས་
    མིའི་མིང་ཐོ་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོའི་འོས་མི་ལིན་ཀྲེང་ཡུའེ་ཨོ་ཡིས་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོགས་འདུའི་ཚོགས་མིའི་མིང་ཐོ་བསྒྲགས་པ་རེད། སྲིད་འཛིན་ཚོགས་འདུ་ནི་ཆབ་སྲིད་བསྐོ་གཞག་ལམ་ལུགས་འོག་གི་འགན་འདྲིའི་ལམ་ལུགས་ཀྱི་དཔོན་པོ་གཙོ་བོ་16དང་དཔོན་པོ་མ་ཡིན་པའི་གྲོས་མི་16ལས་གྲུབ་པ་དང་། 2017ལོའི་ཟླ་7ཚེས་1ཉིན་ནས་འགན་འཛིན་རྒྱུ་རེད།
         དཔོན་པོ་མ་ཡིན་པའི་གྲོས་མི་16པོ་ནི་རིམ་པ་བཞིན་དུ་ཁྲེན་ཀྲི་སི་དང་། ཧྲི་མེ་ལུན། ལི་གོ་ཀྲང་། ཀྲོའུ་སུང་ཀང་། ལུའོ་ཧྥན་ཧྲུའུ་ཧྥེན། ལིན་ཅན་ཧྥེང་། ཡེ་གོ་ཆན། ཀྲང་ཡུས་རེན། ལིའོ་ཁྲང་ཅང་། རེན་ཀྲི་ཀང་། ཡེ་ལིའུ་ཧྲུའུ་དབྱི། ཐང་ཅ་ཧྭ། ཧོང་གོ་ཅན། ལིན་ཀྲེང་ཚའེ། ལིའུ་ཡེ་ཆང་། ཀྲང་གོ་ཅུན་བཅས་ཡིན་པ་དང་། སྲིད་འཛིན་ཚོགས་འདུ་སྐོང་འཚོག་བྱེད་མི་ནི་ཁྲེན་ཀྲི་སི་ཡིན་ལ། འགན་འདྲིའི་ལམ་ལུགས་ཀྱི་དཔོན་པོ་གཙོ་བོ་16པོའི་མིང་ཐོ་ཚེས་21ཉིན་བསྒྲགས་པ་རེད།
         ལིན་ཀྲེང་ཡུའེ་ཨོ་ཡིས། སྲིད་འཛིན་ཚོགས་འདུའི་ཚོགས་མི་ནི་སྲིད་འཛིན་དཔོན་པོའི་བློ་འདྲི་ས་གཙོ་བོ་ཡིན་ལ། མོས་དཔོན་པོ་མ་ཡིན་པའི་གྲོས་མི་དག་གིས་རེ་བ་ལྟར་ལས་འགན་འཁུར་བར་ཐུགས་རྗེ་ཆེ་ཞུས་པ་དང་། མི་སོ་སོར་ཕྱོགས་གང་ཅིའི་ཉམས་མྱོང་འདྲ་མིན་སྣ་ཚོགས་ཡོད་པས། མོར་རོགས་པ་བྱས་ནས་སྲིད་ཇུས་གལ་ཆེན་གྲོས་ཆོད་བྱ་རོགས་བྱེད་ཐུབ་ཟེར།
         གཞི་རྩའི་བཅའ་ཁྲིམས་སུ་གཏན་ལ་ཕབ་པ་ལྟར་ན། སྲིད་འཛིན་ཚོགས་འདུའི་ཚོགས་མིའི་ནང་སྲིད་འཛིན་ལས་ཁུངས་ནས་ཡོང་བའི་དཔོན་རིགས་གཙོ་བོ་དང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི། སྤྱི་ཚོགས་ཐོག་གི་མི་སྣ་བཅས་ཡོད་ལ། འགན་འཁུར་ཡུན་སྲིད་འཛིན་དཔོན་པོས་ཐག་གཅོད་དགོས་པ་དང་། སྲིད་འཛིན་ཚོགས་འདུ་སྲིད་འཛིན་དཔོན་པོས་འགོ་འཛིན་དགོས་པ་དང་ཨུ་ཡོན་གཞན་དག་གི་འགན་འཁུར་ཡུན་སྲིད་འཛིན་དཔོན་པོ་ལས་རིང་མི་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།