འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱིས་ད་ལྟའི་རྒྱལ་རྒྱུད་འཛིན་མི་གནས་དབྱུང་བཏང་སྟེ་རང་
    ཉིད་ཀྱི་བུ་རྒྱལ་རྒྱུད་འཛིན་མིར་བསྐོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 17:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་པོ་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་སཱ་ལེ་མན་གྱིས་བཀའ་རྒྱ་བསྒྲགས་ཏེ་ད་ལྟའི་རྒྱལ་རྒྱུད་འཛིན་མི་རང་གི་ཚ་བོ་མོ་ཧན་མོ་ཏི་•པིན་•ནཱ་དབྱི་ཕུའུ་ཡི་རྒྱས་སྲས་དང་དབུ་བཞུགས་བློན་ཆེན་གཞོན་པ། ནང་སྲིད་བློན་ཆེན་བཅས་ཀྱི་གོ་གནས་གནས་དབྱུང་བཏང་སྟེ་རང་ཉིད་ཀྱི་བུ་རྒྱལ་རྒྱུད་འཛིན་མི་གཞོན་པ་དང་དབུ་བཞུགས་བློན་ཆེན་གཞོན་པ་གཉིས་པ་ཡིན་པའི་མོ་ཧ་མོ་ཏི་•པིན་•སཱ་ལེ་མན་རྒྱལ་རྒྱུད་འཛིན་མི་དང་དབུ་བཞུགས་བློན་ཆེན་གཞོན་པར་བསྐོས་པ་མ་ཟད། མུ་མཐུད་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་ཡང་ཁུར་དུ་བཅུག་ཡོད་པ་རེད། འདི་ནི་རྒྱལ་པོ་སཱ་ལེ་མན་2015ལོའི་ཟླ་དང་པོར་ཁྲི་ལ་བཞུགས་ཚུན་དུ་རྒྱལ་རྒྱུད་འཛིན་མི་གནས་དབྱུང་གཏོང་ཐེངས་གཉིས་པ་ཡིན་པ་རེད།
           སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། སོ་ཏི་ཨ་རབ་ཀྱི་སྲི་ཞུ་ཨུ་ལྷན་གྱི་ཚོགས་མི་34ཡི་ཁྲོད་ནས་མི་31གིས་མི་སྣ་བསྐོ་བཞག་ཐག་གཅོད་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། སྲི་ཞུ་ཨུ་ཡོན་ལྷན་ཚོགས་ནི་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ཚང་གིས་རྒྱལ་རྒྱུད་འཛིན་མི་བདམས་པའི་ལས་ཁུངས་ཡིན་ལ། དེའི་ཚོགས་མི་ཚང་མ་རྒྱལ་རྒྱུད་ཚང་གི་མཐོ་རིམ་མི་སྣ་ལས་གྲུབ་པ་ཞིག་ཡིན་པ་རེད།
          སཱ་ལེ་མན་གྱིས་རྒྱལ་པོའི་བཀའ་རྒྱའི་ནང་། ཚེས་21ཉིན་གྱི་དགོང་མོར། དབྱི་སི་ལན་ཆོས་ལུགས་ཀྱི་གནས་མཆོག་མའེ་ཅ་གྲོང་ཁྱེར་དུ་རྒྱལ་རྒྱུད་མི་སྣ་ཡིས་མོ་ཧ་མོ་ཏི་•པིན་•སཱ་ལེ་མན་ལ་སྲི་ཞུ་བསྒྲུབ་རྒྱུའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཚུལ་བསྟན་པ་རེད།
          ད་ལྟ་ལོ་31ཡིན་པའི་མོ་ཧ་མོ་ཏི་•པིན་•སཱ་ལེ་མན་ནི་2015ལོའི་ལོ་སྟོད་ལ་རྒྱལ་རྒྱུད་འཛིན་མི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་དུ་བསྐོས་པ་ནས་བཟུང་། ཁོང་གིས་དམག་དོན་གྱི་ཐོག་ནས་ཡེ་མན་ཧུ་སའེ་དྲག་ཆས་ཚོགས་པར་དམག་དོན་རྡུང་རྡེག་གི་བྱ་སྤྱོད་སྤེལ་བ་དང་། དཔལ་འབྱོར་གྱི་ཐོག་ནས་རྡོ་སྣུམ་ལ་རྟེན་དྲགས་པ་ལས་བརྒལ་བར་བྱེད་པའི་"2030ལོའི་འདུན་ལྗོངས་"ཞེས་པའི་དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་བཅོས་ཀྱི་འཆར་གཞི་ལག་ལེན་བསྟར་བ་རེད།
          ད་ལྟ་ལོ་57ལ་སོན་པའི་མོ་ཧ་མོ་ཏི་•པིན་•ན་དབྱི་ཕུའུ་ཡིས་སྔར་ནས་བཟུང་སོ་ཏི་ཨ་རབ་རྒྱལ་ནང་གི་ཁྲིམས་སྐྱོང་བདེ་འཇགས་དང་འཇིགས་སྐུལ་ངོ་རྒལ་གྱི་འཐབ་འཁྲུག་ལ་འགན་ཁུར་བ་རེད།
          སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་ཐོག་མ་ཨ་པུའུ་ཏུའུ་ལེ་-ཨ་ཆི་ཙི་སྐུ་གཤེགས་རྗེས། རྒྱལ་རྒྱུད་འཛིན་མི་ནི་ཁོང་གི་བུ་སུམ་ཅུ་ལྷག་གི་ཁྲོད་ནས་བདམས་པ་རེད། རྒྱལ་པོ་སྔོན་མ་ཨ་པུའུ་ཏུའུ་ལཱ་2015ལོའི་ཟླ་དང་པོར་ནད་ཀྱིས་གྲོངས་རྗེས། སཱ་ལེ་མན་གྱིས་རྒྱལ་རྒྱུད་བཟུང་བ་དང་། རྗེས་མར་ཕ་གཅིག་མ་གཅིག་པའི་ནུ་བོ་མོ་ཁི་ལིན་གྱི་རྒྱལ་རྒྱུད་འཛིན་མིའི་ལས་འགན་གནས་དབྱུང་བཏང་སྟེ་མོ་ཧ་མོ་ཏི་•པིན་•ནཱ་དབྱི་ཕུའུ་རྒྱལ་རྒྱུད་འཛིན་མི་དང་རང་གི་བུ་མོ་ཧ་མོ་ཏི་•པིན་•སཱ་ལེ་མན་རྒྱལ་རྒྱུད་འཛིན་མི་གཞོན་པར་བསྐོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།