འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་པུས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་ལས་འགན་གལ་
    ཆེན་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། ཚན་རྩལ་པུས་ཀོང་ཏུང་ཞིང་ཆེན་དང་མཉམ་ལས་གྲོས་མཐུན་ཡི་གེ་བཞག་སྟེ་པུའུ་དང་ཞིང་ཆེན་གྱིས་མཉམ་དྲ“དྲ་ཆེན་འཕྲིན་གཏོང་དང་དྲ་རྒྱ་གསར་པའི”གཙོ་གནད་ཆེད་དོན་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་རེད། བྱ་ཐབས་དེའི་ཐོག་ནས་ཚན་རྩལ་པུས་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤྱི་ཚོགས་ཕྱོགས་ཁག་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་ལས་འགན་གལ་ཆེན་ནང་རྣམ་པ་སྣ་ཚོགས་ཐོག་ནས་ཞུགས་རྒྱུའི་ཁྲིད་སྟོན་བྱེད་པའི་བྱེད་སྟངས་གསར་པ་རིམ་གྱིས་བཙུགས་པ་མཚོན་གྱི་ཡོད་པ་རེད།
           ཚན་རྩལ་པུའི་འབྲེལ་ཡོད་འགན་ཁུར་བས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་ལས་འགན་གལ་ཆེན་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་པ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་སྒྲིག་འཛུགས་བྱས་ནས་ལག་བསྟར་དང་དོ་དམ་བྱེད་པའི་སྒྱུར་བཅོས་བྱེད་སྟངས་གལ་ཆེན་ཞིག་ཡིན། དེ་སྔ་ཀྲུང་དབྱང་གི་ནོར་སྲིད་མ་འཇོག་ཁོ་ནར་བརྟེན་པའི་སྲོལ་རྒྱུན་གྱི་བྱེད་སྟངས་ལས་ཚད་བརྒལ་བྱུང་ཡོད། དེ་རྣམ་པ་སྣ་ཚོགས་ཐོག་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་ཞུགས་རྒྱུར་ཕན་པ་དང་ཚན་རྩལ་གསར་གཏོད་ཀྱི་བྱས་འབྲས་མཐོ་རུ་གཏོང་རྒྱུར་ཕན་པ་མ་ཟད། ད་དུང་རྣམ་པ་སྣ་ཚོགས་ཐོག་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་ནས་ས་གནས་དང་ཁེ་ལས་ལ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཁེ་ཕན་མཉམ་སྤྱོད་ཐུབ་རྒྱུར་ཕན་པ་ཞིག་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།