འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎"འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ནང་ཡོན་མེའེ་རྒྱལ་ནང་དུ་ལོག་ནས་
    རང་ཉེས་ངོས་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ཀྱི་གནས་འཕྲིན་ལྟར་ན། ཟླ་6ཚེས་20ཉིན་ཀྲུང་དབྱང་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་བྲོས་བྱོལ་འདེད་ལེན་ལས་དོན་གཞུང་ལས་ཁང་གི་སྤྱི་འདོམས་ཁྲིད་སྟོན་དང་། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དག་གིས་འབད་བརྩོན་བྱས་པར་བརྟེན། "འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ནང་གི་ཡོན་མེའེ་(袁梅)རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་བྱས་པ་རེད།
         ཡོན་མེའེ། མོ། 1971ལོའི་ཟླ་8པར་སྐྱེས་པ་དང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་སི་ཁྲོན་ཡན་ལག་དངུལ་ཁང་གི་ཧྲ་ཧོ་ཡན་ལག་དངུལ་ཁང་གི་ཡིད་བུན་མཁན་སྔོན་མ་ཡིན་ལ། 2002ལོའི་ཟླ་9པར་ལྐོག་བཟའི་དོགས་གནད་ཡོད་པས་ཨ་རིར་བྲོས་བྱོལ་བྱས་པ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱིས་འཛིན་བཟུང་བཀའ་རྒྱ་དམར་པོའི་ཨང་གྲངས་ནི་A-1030/9-200ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་ཏང་ཨུད་དང་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུས་དོ་སྣང་ཧ་ཅང་ཆེན་པོ་གནང་བ་དང་། ཞིང་ཆེན་ཏང་ཨུའི་བྲོས་བྱོལ་འདེད་ལེན་ལས་དོན་གཞུང་ལས་ཁང་གིས་མཐུན་སྦྱོར་ལྟ་སྐུལ། སི་ཁྲོན་ཞིང་ཆེན་ཞིབ་དཔྱོད་ཁང་དང་སྤྱི་བདེ་ཐིང་། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་བྲོས་བྱོལ་འདེད་ལེན་ལས་དོན་སློབ་སྟོན་པུའུ་བཅས་ཀྱིས་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་བསྒྲུབས་པ་དང་། ཁྲིམས་ལུགས་ཀྱི་ཟིལ་ཤུགས་དང་སྲིད་ཇུས་ཀྱི་འབོད་སྐུལ། གཉེན་ཉེའི་རེ་འབོད་བཅས་ཀྱི་འོག ཡོན་མེའེ་རང་འགུལ་ངང་རྒྱལ་ནང་ལ་ལོག་ནས་རང་ཉེས་ངོས་ལེན་བྱས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཡོན་མེའེ་ནི་2015ལོའི་ཟླ་4པར་དམར་འདོན་བྱས་པའི"འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ"ཡི་ནང་ནས་ཕྱིར་ལོག་སྟེ་རང་ཉེས་ངོས་ལེན་ཞུ་མཁན་གྱི་ཕྱིར་བྲོས་མི་སྣ་ཨང་41པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།