འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཁག་གིས་ལྗང་མདོག་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གྲོལ་མ་ཐག་པའི་2017ལོའི་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ་ཀུའེ་དབྱང་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར་ས་གནས་ཁག་གིས་ལྗང་མདོག་དངུལ་རྩའི་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་པ་དང་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བས་ལྗང་མདོག་དངུལ་རྩ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།
          2016ལོར་རང་རྒྱལ་གྱིས་《ལྗང་མདོག་དངུལ་རྩའི་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་ཞིང་། “དེ་ལས་དེ་སྔའི་ལྗང་མདོག་དངུལ་རྩ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་གཅིག་མཚུངས་ཡིན་པའི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད”ཤིང་ཡེ་དངུལ་ཁང་གི་ཧང་ཀྲང་ཐའོ་ཡེ་ཕིང་གིས་རིགས་ཁག་གི་བུན་དབང་དང་། རྒྱུ་ནོར་འཛིན་ལོར་ཅན། རྐང་དབང་དང་དེ་བཞིན་གྲུབ་ཆ་ཅན་གྱི་དངུལ་རྩའི་ཐོན་རྫས་བཅས་ཇེ་མང་དུ་འགྲོ་རྒྱུ་རེད་ཅེས་བཤད།
          ལས་རིགས་ཁག་གིས་ཡོངས་ཁྱབ་ངང་སེམས་ཁྲལ་བྱེད་པའི་ཉེན་ཁའི་གནད་དོན་ལ་དམིགས་ནས་རྒྱལ་ནང་གིས་ཀྱང་འབྲེལ་ཡོད་ཀྱི་ཚད་གཞི་རིམ་གྱིས་འཛུགས་བཞིན་ཡོད་པ་མ་ཟད་ཁྲོམ་ཞུགས་ཀུང་སིའི་བཙན་ཤེད་རང་བཞིན་གྱི་ཁོར་ཡུག་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་བརྒྱུད་ཁྲོམ་ཞུགས་ཀུང་སིར་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཁོར་ཡུག་སྦགས་བཙོག་གི་འགན་འཁྲིའི་འགན་བཅོལ་ལ་ཆ་མཚོན་ན། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིས་སྔོན་ཚུད་ནས་ལས་རིགས་དབྱེ་བའི་ཁེ་ལས་ཀྱི་ཁོར་ཡུག་ཉེན་ཁའི་ཚོད་སྐོར་ཚད་གཞི“བཅུ་གཉིས”བཟོས་པ་དང་སྦྲགས་ཁོར་ཡུག་ཉེན་ཁའི་ཞབས་ཞུའི་ལས་སྟེགས་བཙུགས་ཡོད། ལས་སྟེགས་དེ་སྲིད་གཞུང་དང་། ཁེ་ལས། ཕྱོགས་གསུམ་པའི་ཁོར་ཡུག་སྲུང་སྐྱོང་གི་རིགས་གཅིག་མཁས་ཅན་བཅས་ཀྱིས་སྤྱོད་ཆོག་གི་ཡོད།
          ཀྲུང་གོ་མི་དམངས་དངུལ་ཁང་དངུལ་རྩ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུང་གོ་དངུལ་རྩ་སློབ་ཚོགས་ལྗང་མདོག་དངུལ་རྩའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕུའུ་ཡུང་ཞང་གིས་འདི་ལོའི་ལོ་མཇུག་གོང་རང་རྒྱལ་གྱིས་ཁོར་ཡུག་སྦགས་བཙོག་གི་བཙན་ཤེད་རང་བཞིན་གྱི་འགན་འཁྲིའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་དང་། ལྗང་མདོག་བུན་དབང་གི་སྔོན་གཏན་འཁེལ་བའི་ཚད་གཞི་གཅིག་གྱུར་བཟོ་རྒྱུ། རྒྱལ་ཡོངས་གཅིག་གྱུར་གྱི་ཐཱན་འབུད་དབང་གི་ཁྲོམ་ར་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། ད་དུང་ལྗང་མདོག་དངུལ་རྩའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་སྟེ། དཔེར་ན་ལྗང་མདོག་འཛིན་ལོར་ཁྲོམ་རའི་ཕྱོགས་གཉིས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་ཆ་རྐྱེན་དང་འཚམ་པའི་ལྗང་མདོག་བུན་འཛིན་དང་ལྗང་མདོག་དངུལ་རྩའི་ཐོན་རྫས་སྔོན་ལ་ས་ཁོངས་ཕྱི་ནང་གི་འཛིན་ལོར་ཉོ་ཚོང་སུའོ་ཡི་མཉམ་སྦྲེལ་མཉམ་མཐུད་ཀྱི་ལམ་སྲོལ་སོགས་ནང་འཇུག་རྒྱུར་ཞིབ་འཇུག་བྱ་རྒྱུ་རེད་ཅེས་བཤད།
           དངུལ་རྩའི་ཁྲོམ་ར་སོགས་ཀྱི་རིམ་པ་ནས་ལྗང་མདོག་དངུལ་རྩའི་མ་ལག་འཛུགས་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ་ཕུད། རང་རྒྱལ་གྱིས་ཀྱང་སྒྲིག་སྲོལ་ལམ་སྲོལ་ཐད་ལའང་སྔར་བས་ནུས་ཤུགས་བཏོན་ཡོད། མི་རིང་བའི་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲེ་ཅང་དང་། ཅང་ཤིས། ཀོང་ཏུང་། ཀུའེ་ཀྲོའུ། ཤིན་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)5ནས་ས་ཆ་ཁག་གཅིག་བདམས་ཏེ་ཕྱོགས་གཅིག་གཙོ་བོར་འཛིན་པ་དང་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་དངུལ་རྩའི་སྒྱུར་བཅོས་གསར་གཏོད་ཚོད་ལྟ་ཁུལ་བཙུགས་ནས་སྒྲིག་སྲོལ་ལམ་སྲོལ་ཐད་ལད་ཟློས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཐོབ་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།