འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎"དབྱི་སི་ལན་རྒྱལ་ཁབ"ཀྱིས་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་ཞིག་འབར་གཏོར་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། དབྱི་རག་གི་དམག་ཕྱོགས་ཀྱིས་ཟླ་6ཚེས་21ཉིན་ཐལ་སྤྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱིས་ཉིན་དེར་མཱོ་སོ་ནུའུ་རི་(Mosul Nuri)ཡི་གྲོང་ཁུལ་རྙིང་པའི་ནུའུ་རི་ཁ་ཆེ་ལྷ་ཁང་དང་ལྷ་ཁང་དེའི་མཆོད་རྟེན་འབར་གཏོར་བཏང་བ་རེད།
         དབྱི་རག་མཉམ་འབྲེལ་འགུལ་སྤྱོད་མཛུབ་སྟོན་པུའུ་ཡི་ཀྲུང་ཅང་ཨ་པུའུ་ཏུའུ་ལི་ཨ་སྨིར་·ཡཱ་ལཱ་ལ་ཡིས་གསལ་བསྒྲགས་ཅིག་གི་ནང་དུ། དབྱི་རག་གི་འཇིགས་རྒོལ་དམག་དཔུང་གིས་ཉིན་དེར་མཱོ་སོ་ནུའུ་རི་(Mosul Nuri)ཡི་གྲོང་ཁུལ་རྙིང་པར་མདུན་སྐྱོད་བྱས་ནས་ནུའུ་རི་ཁ་ཆེ་ལྷ་ཁང་དང་སྨི་50ཙམ་ཡོད་དུས། "དབྱི་སི་ལན་རྒྱལ་ཁབ"ཅེས་པའི་འཇིགས་སྐུལ་རུ་ཁག་གིས་ལོ་རྒྱུས་རང་བཞིན་གྱི་ཉེས་སྤྱོད་བཟོས་ཏེ། ནུའུ་རི་ཁ་ཆེ་ལྷ་ཁང་དང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མཆོད་རྟེན་ཡང་འབར་གཏོར་བཏང་བ་རེད་ཅེས་བཤད།
         ནུའུ་རི་ཁ་ཆེ་ལྷ་ཁང་ནི་སྤྱི་ལོ་1172ལོར་བཏབ་པ་ཡིན་ལ་ལོ་རྒྱུས་ཐོག་ཐེངས་མང་གཏོར་བརླག་ཐེབས་མྱོང་ཡང་། ལྷ་ཁང་འདིའི་མཆོད་རྟེན་ད་ལྟའི་བར་དུ་བརྟན་ཐུབ་པ་རེད།
         ནུའུ་རི་ཁ་ཆེ་ལྷ་ཁང་ནི་མཱོ་སོ་ནུའུ་རིའི་གྲོང་ཁུལ་རྙིང་པའི་མཚོན་བྱེད་རང་བཞིན་ལྡན་པའི་བཟོ་བཀོད་ཅིག་ཡིན་ལ། 2014ལོར་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་པ་པཱ་ཀི་ཏཱ་ཏི་ཡིས་ནུའུ་རི་ཁ་ཆེ་ལྷ་ཁང་དུ"དབྱི་སི་ལན་རྒྱལ་ཁབ"འཛུགས་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས།
         དབྱི་རག་སྲིད་གཞུང་གི་དམག་ཕྱོགས་ནས་ཟླ་6ཚེས་18ཉིན་ཕྱོགས་མང་པོ་ནས་མཱོ་སོ་ནུའུ་རིའི་གྲོང་ཁུལ་རྙིང་པར་རྒོལ་འཛུལ་བྱས་པ་དང་། ཟླ་འགའི་རིང་གི་མཱོ་སོ་ནུའུ་རིའི་གྲོང་ཁུལ་ནུབ་མའི་དམག་འཁྲུག་དེའང་དུས་རིམ་མཐའ་མར་སླེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།